ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2021-01-04
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་28ཉིན་གློག་འཕྲིན་འབྱོར་གསལ། བཟོ་འཕྲིན་པུའི་པུའུ་ཀྲང་ཞའོ་ཡ་ཆིང་གིས་ཚེས་28ཉིན་འཚོགས་པའི་2021ལོའི་རྒྱལ་ཡོངས་བཟོ་འཕྲིན་ཅན་ལས་དོན་ཚོགས་འདུའི་ཐོག་2021ལོར་5Gདྲ་རྒྱ་འཛུགས་སྐྲུན་དང་བཀོལ་སྤྱོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གཙོ་བོར་5Gདྲ་རྒྱ་ཁྱབ་ཚད་མགྱོགས་སུ་གཏོང་བ་དང་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་5Gསྦྲེལ་ཚུགས་ཁྲི་60ལྷག་ཙམ་གསར་དུ་བསྐྲུན་རྒྱུ་རེད་ཅེས་བཤད་པ་རེད།
ཞའོ་ཡ་ཆིང་གིས། 5Gདྲ་རྒྱ་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་གྲངས་གཞིའི་ལྟེ་གནས་དང་རྩིས་ནུས་སྒྲིག་བཀོད་ལ་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུ་དང་། དུས་མཚུངས་གཙོ་གནད་ལས་རིགས་10ལ་དམིགས་ནས་དཔེ་མཚོན་བཟོ་ལས་བཀོལ་སྤྱོད་ཁུལ་20ཆགས་པར་བྱས་ཏེ་བཟོ་ལས་ཀྱི་5Gཆེད་དོན་དྲ་བའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་འབྲེལ་འཕྲིན་དུམ་ཁ་ཤས་ཀྱི་5Gཡི་ཧའོ་སྨི་རླབས་ཀྱི་ཚད་གཞིའི་འཆར་འགོད་འོས་འཚམ་ངང་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་བཤད་པ་རེད།
གཞན་ཡང་བཟོ་འཕྲིན་པུའུ་ཡིས་ད་དུང་དྲ་རྒྱ་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཀྲའོ་ཝ་སྟོང་ཁྱབ་པའི་འཛད་སྤྱོད་པའི་གཞི་ཁྱོན་དུང་ཕྱུར་2ལྷག་ཙམ་ཟིན་པ་བྱ་རྒྱུ་དང་། སློབ་གྲྭའི་གློག་འཕྲིན་ཁྲོམ་ར་དང་ཚོང་དོན་ཐོག་ཁང་གི་དྲ་ཆེན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་ཚུལ་མིན་འགྲན་རྩོད་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་APPཡི་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་APPཁྲི་180ལ་ཞིབ་བཤེར་ཚད་ལེན་ལེགས་སྒྲུབ་བྱ་རྒྱུ་རེད།
http://tibet.people.com.cn/15834064.html
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10