2020-12-24
ཉེ་ཆར་ཞིང་ལས་གྲོང་གསེབ་པུའུ་འབྲི་ཆུ་གཞུང་ལས་ཁང་གི་ཀྲུའུ་རེན་མ་དབྱི་ཡིས། འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་བཀག་སྡོམ་དང་ཕྱིར་འཐེན་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་བཤད། གྲུ་གཟིངས་དང་དུད་ཚང་རེ་རེ་བཞིན་ཡིག་ཚགས་དང་བྱང་བུ་བཟོས་པ་བརྒྱུད། གཙང་པོའི་རྒྱུད་ཀྱི་ཞིང་ཆེན(གྲོང་ཁྱེར)10ཡི་ནང་ཁྱོན་ཉ་གྲུ་ཁྲི11.1དང་ཉ་པ་ཁྲི23.1ཕྱིར་འཐེན་གཏན་འཁེལ་བྱས་ཏེ་ཉ་གྲུ་དང་ཉ་པ་ཕྱིར་འཐེན་གྱི་ལས་དོན་སྤྱིའི་ཆ་ནས་གྲུབ་ཡོད།
མ་དབྱི་ཡིས། འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་གནས་བབ་ལེགས་སུ་གཏོང་ཆེད། ཞིང་ལས་གྲོང་གསེབ་པུའུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་འབྲི་ཆུའི“ལོ་བཅུའི་རིང་ཉ་འཛིན་བཀག་སྡོམ”དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་པུའུ་དབར་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྡེ་ཚན་ལས་བརྒལ་བའི་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་པར་མ་ཟད། སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ཡོད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཉ་གྲུ་དང་ཉ་པ་ཕྱིར་འཐེན་གྱི་ལས་ཀ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། དེའི་ནང“གཙང་པོ་གཅིག་དང་མཚོ་གཉིས་དང་ཆུ་བོ་བདུན”དང་། ཆུ་ནང་སྐྱེ་དངོས་སྲུང་སྐྱོང་ཁུལ་གྱི་གཙོ་གནད་ཆུ་ཁོངས332ལ་ཁྱོན་ཡིག་ཚགས་དང་བྱང་བུ་བཟོས་པའི་ཉ་གྲུ་ཁྲི8.4དང་ཉ་པ་ཁྲི18ཡོད་པ་ཚང་མ་སྔ་སྣུར་དུ་མཚོ་འགྲམ་དུ་ཕྱིར་འཐེན་བྱས་ཡོད། ཞིང་ཆེན(གྲོང་ཁྱེར)ཁག་གིས་རང་བདག་གིས་གཏན་འཁེལ་བྱས་པའི་ཆུ་ཁོངས་གཞན་དུ་ཁྱོན་ཡིག་ཚགས་དང་བྱང་བུ་བཟོས་པའི་ཉ་གྲུ་ཁྲི2.7དང་ཉ་པ་ཁྲི5.1ཡོད་ཅིང་། 2020ལོའི་ཕྱིར་འཐེན་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། ལྷག་འཕྲོས་ཀྱི་ཉ་གྲུ1599དང་མི3072དག་འཆར་གཞི་ལྟར2021ལོའི་ལོ་མཇུག་གོང་ཕྱིར་འཐེན་བྱ་རྒྱུ་རེད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10