2021ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་སྐོར་གྱི་བརྡ་ཐོ།

        2020-12-24

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི2021ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་སྐོར་གྱི་བརྡ་ཐོ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི2021ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་སྐོར་གྱི་བརྡ་ཐོ་ཆ་ཚང་གཤམ་གསལ་ལྟར།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་དང་ཐད་གཏོགས་ལས་ཁུངས་སོ་སོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ2021ལོའི་ལུགས་གསར་ལོ་གསར་དང་། ལུགས་རྙིང་ལོ་གསར། དུར་མཆོད་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཀྱི་གུང་གསེང་གཏོང་བའི་ཞིབ་ཕྲའི་དུས་ཚོད་བཀོད་སྒྲིག་གཤམ་ལྟར།

གཅིག

ལུགས་གསར་ལོ་གསར། 2021ལོའི་ཟླ1པའི་ཚེས1ཉིན་ནས3ཉིན་བར་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན3ཡིན།

གཉིས།

ལུགས་རྙིང་ལོ་གསར། ཟླ2པའི་ཚེས11ཉིན་ནས17ཉིན་བར་དུས་ཚོད་བསྡེབས་ནས་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན7ཡིན། ཟླ2པའི་ཚེས7ཉིན(གཟའ་ཉི་མ)དང་། ཟླ2པའི་ཚེས20ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

གསུམ།

དུར་མཆོད་དུས་ཆེན། ཟླ4པའི་ཚེས3ཉིན་ནས5ཉིན་བར་དུས་ཚོད་བསྡེབས་ནས་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན3ཡིན།

བཞི།

ངལ་རྩོལ་དུས་ཆེན། ཟླ5པའི་ཚེས1ཉིན་ནས5ཉིན་བར་དུས་ཚོད་བསྡེབས་ནས་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན5ཡིན། ཟླ4པའི་ཚེས25ཉིན(གཟའ་ཉི་མ)དང་། ཟླ5པའི་ཚེས8ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

ལྔ།

ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ6པའི་ཚེས12ཉིན་ནས14ཉིན་བར་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན3ཡིན།

དྲུག

ཟླ་མཆོད་དུས་ཆེན། ཟླ9པའི་ཚེས19ཉིན་ནས21ཉིན་བར་དུས་ཚོད་བསྡེབས་ནས་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན3ཡིན། ཟླ9པའི་ཚེས18ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

བདུན།

     རྒྱལ་སྟོན་དུས་ཆེན། ཟླ10པའི་ཚེས1ནས7ཉིན་བར་དུས་ཚོད་བསྡེབས་ནས་གུང་གསེང་གཏོང་རྒྱུ། ཁྱོན་སྡོམ་ཉིན7ཡིན། ཟླ9པའི་ཚེས26ཉིན(གཟའ་ཉི་མ)དང་། ཟླ10པའི་ཚེས9ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

     དུས་ཆེན་དང་གུང་གསེང་རིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་རེས་དང་། བདེ་འཇགས། བདེ་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་། ཐོལ་བྱུང་དོན་རྐྱེན་ཆེན་པོ་བྱུང་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པར་མ་ཟད་འོས་འཚམ་གྱིས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་འཆམ་མཐུན་དང་བདེ་འཇགས་ངང་དུས་ཆེན་དང་གུང་གསེང་ལ་རོལ་བར་འགན་ལེན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས།

2020ལོའི་ཟླ11པའི་ཚེས25ཉིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ལ་ལན་ཆ་ཆེན་པོ་བྱུང་འདུག
  • ལེ་ཚན་རྗེས་མ།:འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཁོངས་སུ་ཉ་འཛིན་མི་ཆོག་པ་བྱས།
  • དོ་སྣང་ཆེ་བའི་རྩོམ།