ལམ་བར་དུ་སྐད་ཆ་འདི་འདྲ་བཤད་མཁན་འཕྲད་དུས་ཡིད་གཟབ་མཛོད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས    2020-12-01

     ད་ལོའི་སྤྱི་ཟླ་11པར། ཐེན་ཅིན་གྱི་བུད་མེད་ཞའོ་དབྱང་དང་གྲོགས་པོ་གཉིས་ཀྱིས་ཐེན་ཅིན་ནན་ཁའེ་ཏ་ཡུའེ་ཚོང་གྲོང་གི་ཚིག་ཇ་ཁང་ཞིག་ཏུ་ངལ་གསོ་བྱེད་སྐབས། སྐྱེས་པ་ཞིག་ཡོང་ནས་སྐད་ཆ་བཤད་ཅིང་། སྐད་འཕྲིན་སྣོན་པའི་རེ་བ་བཏོན།

ལམ་བར་དུ་སྐད་ཆ་འདི་འདྲ་བཤད་མཁན་འཕྲད་དུས་ཡིད་གཟབ་མཛོད།

     ཞའོ་དབྱང་དེའི་སྔོན་ལ་ཡང་གནས་ཚུལ་དེ་འདྲར་འཕྲད་མྱོང་བས། གུས་ཞབས་དང་བཅས་སྐྱེས་པ་དེའི་རེ་བ་དང་ལེན་བྱས་མེད་པ་དང་། སྐད་ཆ་དེ་སེམས་ནང་བཞག་མེད། འོན་ཀྱང་ཉིན་འགའི་རྗེས་སུ། མི་ཞིག་གིས་ཁོང་མོར་སྐད་ཆ་བཤད་པའི་བརྙན་དེ་དྲ་ཐོག་ཏུ་སྤེལ་ཡོད་པའི་སྐོར་བཤད།

ལམ་བར་དུ་སྐད་ཆ་འདི་འདྲ་བཤད་མཁན་འཕྲད་དུས་ཡིད་གཟབ་མཛོད།

     ཁོང་མོར་བརྙན་ལེན་བཞིན་ཡོད་སྐོར་བཤད་མེད་ཁར། མོས་མཐུན་མ་ཐོབ་པར་བརྙན་དེ་སྤྱི་པའི་དྲ་སྟེགས་ཐོག་སྤེལ་བས་ཞའོ་དབྱང་ཁོང་ཁྲོ་ཆེན་པོ་ལངས། དེ་རྗེས། ཞའོ་དབྱང་གིས་བརྙན་དེ་སྤེལ་མཁན་ལ་སྐད་བཞག་ནས་འཕྲལ་དུ་བརྙན་དེ་བསུབ་དགོས་པའི་བླང་བྱ་བཏོན་པ་དང་། དུས་མཚུངས་བརྙན་སྟེགས་དེ་ཐེར་འདོན་བྱས། ཉིན་འགའི་རྗེས་སུ་བརྙན་སྤེལ་མཁན་དེའི་ཐོ་ཨང་བརྙན་སྟེགས་ཀྱིས་བཀག་ཡོད་པ་མཐོང་།

     གནས་ཚུལ་དེ་འདྲ་འཕྲད་མཁན་ནི་ཞའོ་དབྱང་གཅིག་པུ་མ་ཡིན་པར། ན་ནིང་སྤྱི་ཟླ་7པར་པེ་ཅིང་གི་བུད་མེད་ཞའོ་ལེ་ཡིས་པེ་ཅིང་སན་ལི་ཐུན་དུ་ཁྲོམ་ལ་སྐྱོད་སྐབས་ལྐོག་བརྙན་ལེན་མཁན་འཕྲད་མྱོང་།

     ཞའོ་ལེ་ཡིས། ཁྱིམ་དུ་ལོག་རྗེས་གྲོགས་པོས་ང་ལ་བསྐུར་རྗེས། ངས་ད་གཟོད་བརྙན་དེའི་ནང་ངའི་པར་ཡོད་པ་མཐོང་བྱུང་། དེ་དུས་གཞི་ནས་ལྐོག་བརྙན་བླངས་པ་ཤེས་བྱུང་། དེ་མ་ཟད་བརྙན་དུ་བྲིས་པའི་རྩོམ་ཡིག་གིས་ང་རང་ཧ་ཅང་མི་བདེ་བ་བཟོས་བྱུང་ཞེས་བཤད། 

ཁེ་སྤོགས་ཀྱི་ཆེད་དུ་གཞན་ལ་སྐད་ཆ་བཤད་པའི་བརྙན་ཐུང་ཐོ་ཨང་ཕྱེ་ཞིང་། མཐོ་འབྲིང་སློབ་མ་སྐད་ཆ་བཤད་ཡུལ་དུ་གྱུར་བ།

      གསར་འགོད་པས་བརྙན་ཐུང་དྲ་ཚིགས་ཐོག་མཐོང་བར། སྐད་ཆ་བཤད་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་ཐོ་ཨང་གི་སྐད་ཆ་བཤད་མཁན་ཚང་མ་སྐྱེས་པ་ཡིན་པ་དང་། སྐད་ཆ་བཤད་ཡུལ་མང་ཆེ་བ་ན་གཞོན་བུད་མེད་ཡིན་ལ། ནང་དོན་ཚང་མ་གྲོགས་སྒྲིག་པ་དང་སྐད་འཕྲིན་ཨང་གྲངས་སློང་བ་ཡིན་ཞིང་། དེ་དག་གི་མཐའ་མའི་དམིགས་ཡུལ་ནི་ཁེ་སྤོགས་རག་ཆེད་ཡིན།“མཱ་ཡེ་སྐད་ཆ་ཤོད་རེས་ཞིབ་འཇུག་ཁང་” (马爷搭讪研究所)ཞེས་པའི་ཐོ་ཨང་ཞིག་གིས་ཐ་ན་མཐོ་འབྲིང་སློབ་མར་ཡང་སྐད་ཆ་བཤད་འདུག

     གསར་འགོད་པས་ཐོ་ཨང་དེའི་བདག་པོར་འབྲེལ་གཏུག་བྱས་པ་ན། ཁོས་ཐད་ཀར་གསར་འགོད་པར་སྐད་ཆ་ཤོད་སྟངས་ཀྱི་ཐབས་རྩལ་ཁྲིད་ཆོག་པ་དང་། དྲ་ཐོག་ནས་ཁྲིད་ན་སྒོར་498བསྡུ་བ་དང་། སྐད་འཕྲིན་ཚོགས་པར་སྣོན་ཆོག་ལ། སྒེར་ཐོག་མཛུབ་ཁྲིད་བྱེད་པའི་དགེ་རྒན་ཡོད་པ། དངོས་སུ་ཁྲིད་ན་སྒོར་5800དགོས་པ་དང་། ཉིན་བཞིའི་རིང་ཁ་བརྡ་བྱེད་སྟངས་དངོས་སུ་སྦྱོང་ཐུབ་ཅེས་བཤད་པ་དང་། མི་དེས་སྐད་ཆ་བཤད་པའི་དམིགས་ཡུལ་ནི་ཤིན་ཏུ་གསལ་བོ་སྟེ། དེ་ནི་དགའ་རོགས་བཙལ་ཆེད་ཡིན་ཞེས་བཤད།  

     ཐོ་ཨང་དེའི་བདག་པོས་ད་དུང་བརྙན་ཐུང་སྟེགས་བུར་སྐད་ཆ་བཤད་པའི་ཐོ་ཨང་ཕྱེ་ན་དེ་འགོག་པའི་ཉེན་ཁ་ཡོད་ཅིང་། ཁོ་རང་ཐེངས་མི་ཉུང་བར་བཀག་མྱོང་བ་དང་། ཐེངས་སྔོན་མར་བཀག་པའི་ཐོ་ཨང་དེར་རྗེས་སྙེག་མཁན་འབུམ་ཕྲག་ཁ་ཤས་ཡོད་ཅེས་དང་། ཐོ་ཨང་བཀག་ཀྱང་སྐྱོན་མེད། གསར་དུ་གཅིག་ཕྱེ་བས་ཆོག་ཅེས་བཤད་འདུག

ཁྲིམས་རྩོད་པས་ལྐོག་བརྙན་བླངས་པ་དེ་མི་སྒེར་གྱི་གསང་བའི་དབང་ཆར་གནོད་འཚེ་བཏང་བའི་དོགས་པ་ཡོད་པ་བཤད།

     མིག་སྔར་དྲ་ཐོག་ཏུ་སྐད་ཆ་ཤོད་པའི་བརྙན་ལམ་ཐོ་ཨང་ཧ་ཅང་མང་པོ་ཡོད་ཅིང་། བཅའ་ཁྲིམས་ལས་རིགས་ཀྱི་མི་སྣས་སྐད་ཆ་བཤད་ཅིང་ལྐོག་བརྙན་བླངས་དེས་ལྐོག་བརྙན་ལེན་ཡུལ་གྱི་སྒེར་གྱི་གསང་བའི་དབང་ཆར་གནོད་འཚེ་བཏང་བའི་དོགས་པ་ཡོད་ཅེས་བཤད་ཡོད།

     གལ་ཏེ་བརྙན་ལེན་མཁན་གྱིས་བརྙན་ལེན་ཡུལ་གྱི་མོས་མཐུན་མ་བརྒྱུད་པར། སྐད་ཆ་བཤད་ཅིང་དེ་བརྙན་དུ་ལེན་པའི་བྱེད་སྤྱོད་ནི་མ་གཞི་ནས་བཅའ་ཁྲིམས་དང་འགལ་བ་མ་ཟད། སྤྱི་འབྲེལ་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་ངང་སྟོན་རྒྱུ་ནི་དེ་བས་བཤད་མི་དགོས་པ་ཞིག་རེད། གཞན་ཡང་། སྐད་ཆ་བཤད་སྐབས་བླངས་པའི་བརྙན་གྱི་ནང་དོན་གྱིས་བརྙན་ལེན་ཡུལ་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པ་རེད།

     བཅའ་ཁྲིམས་མི་སྣས་ངོ་སྤྲོད་བྱས་པར།《དམངས་དོན་ཁྲིམས་གཞུང་》ནང་བཀོད་པའི་གཏན་འབེབས་ལྟར་ན། མི་སྒེར་གྱི་འགྲོ་འདུག་ཆ་འཕྲིན་ཡང་མི་སྒེར་གྱི་ཆ་འཕྲིན་གྱི་ཁོངས་སུ་གཏོགས་པས། ཚང་མ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་རང་བྱུང་མིའི་ཁེ་དབང་གི་ནང་དོན་གཙོ་བོ་ཡིན། གཞན་ཡང་བརྙན་ལེན་མཁན་དེ་དག་གིས་བུད་མེད་ལ་སྐད་ཆ་བཤད་པ་བརྒྱུད་ཁེ་བཟང་ཟ་གི་ཡོད། དེའི་ནང་ད་དུང་མགོ་སྐོར་དང་སྦས་གསང་བྱེད་སྤྱོད་ཀྱང་འདུས་ཡོད་པ་དང་། སྤྱི་སྒྲིག་སྲོལ་བཟང་དང་ཡང་འགལ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏང་དགོས་ཞེས་ནན་གསུང་གནང་།
  • ལེ་ཚན་རྗེས་མ།:སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཕྱུག་འགྱུར་ཐབས་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་ཕྱིན།
  • དོ་སྣང་ཆེ་བའི་རྩོམ།