ལྷ་ས་རུ་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་སྤེལ་བ།

    མི་དམངས་དྲ་བ།    2020-11-12

ལྷ་ས་རུ་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་སྤེལ་བ།

    ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་9ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་དང་། རྫོང་(ཆུས)ཁག་དང་བྱེད་ལས་གླིང་ཁུལ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་གཉེར། བོད་ལྗོངས་ཨའེ་ལེ་ཧྥུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་གྱི་“བུད་མེད་ཀྱིས་རང་སྟོབས་རང་སྤེལ་གྱིས་ཕུགས་འདུན་བཅངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད”ཞེས་པའི་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་ཆེན་མོ་སྐབས་དང་པོ(གཤམ་དུ་“འགྲན་བསྡུར་ཆེན་མོ”ཞེས་བསྡུ་རྒྱུ)ལྷ་ས་རུ་དངོས་སུ་འགོ་ཚུགས་པ་རེད།
    ཉིན་དེའི་སྔ་དྲོའི་ཆུ་ཚོད་10པའི་ཐོགའགྲན་བསྡུར་ཆེན་མོའི་རྣམ་གྲངས་ཚོགས་ཆུང་གི་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་དང་། ཞིབ་དཔྱད་ཚོས་འགྲན་ཞུགས་བརྩམས་ཆོས་ལ་ཐོག་མའི་གསལ་འབྱེད་ཞིབ་དཔྱད་བྱས་རྗེས། ལུས་ལ་གཟབ་འཆོར་སྤྲས་པའི་འགྲན་ཞུགས་པ་གཅིག་རྗེས་གཉིས་མཐུད་སྟེགས་བུའི་ཐོག་ཡོང་ནས་འགྲན་ཞུགས་བརྩམས་ཆོས་ཞིབ་ཕྲ་ངོ་སྤྲོད་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ཆེན་མོ་ལ་གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་དུས་རིམ་གཉིས་བགོས་ཡོད། ལྷ་ས་གྲོང་ཁྱེར་གྱི་རྫོང་(ཆུས)ཁག་དང་བྱེད་ལས་གླིང་ཁུལ་ཁག་ནས་ཡོང་བའི་འགྲན་ཞུགས་པ་ཁྱོན་བསྡོམས་60འགྲན་བསྡུར་ནང་ཞུགས་ཡོད་ཅིང་། འགྲན་ཞུགས་ནང་དོན་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་དང་། ཡུལ་སྐོར་དྲན་རྟེན། བལ་ལས་འཐག་པའི་བོད་ལུགས་རྒྱུན་སྤྱོད་འཚོ་བའི་དགོས་ཆས(ཁ་གདན་དང་། སྣམ་བུ། པང་གདན་སོགས།) བོད་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་ཆ་རིགས་ཁག(གལ་ཏ་དང།ལག་གདུབ།ཞྭ་མོ་དང་ལྷམ་སོགས།)ཐང་ག་སོགས་ཡོད་པ་རེད།
   འགྲན་བསྡུར་ཆེན་མོའི་དམིགས་ཡུལ་ནི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་རྒྱ་ཆེའི་བུད་མེད་ཀྱི་ཉམས་འགྱུར་མངོན་པ་བྱེད་པ་དང། “དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་” ཁྲོད་ཐོན་པའི་དུས་རབས་གསར་པའི་བུད་མེད་ཟམ་མི་ཆད་པར་གསར་རྙེད་དང་དྲིལ་བསྒྲགས།ཁྱབ་གདལ་གཏོང་བ་བཅས་བྱས་ཐོག དཔེ་མཚོན་ཅན་གྱི་བྱས་བརྗེ་བརྒྱུད་ནས། བུད་མེད་སྔར་བས་མང་པོ་ལས་གཏོད་དང་གསར་གཏོད་ཀྱི་རླབས་ཕྲེང་ནང་ཞུགས་པར་སྐུལ་ཁྲིད་བྱས་ནས། གོམ་གང་མདུན་སྤོས་ངང་ལས་གཏོད་རོགས་སྐྱོར་སྲིད་ཇུས་དྲིལ་བསྒྲགས་དང་། ཕུལ་བྱུང་གི་བུད་མེད་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་ཁྱབ་གདལ་གཏོང་བ། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བུད་མེད་རྣམས་ཀྱི་ལས་གཏོད་དང་ལས་ཞུགས་ཀྱི་སྤྲོ་སེམས་འཕེལ་བ་བྱེད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བྱེད་པའི་ཧུར་སེམས་དང་རང་འགུལ་རང་བཞིན་ཇེ་མཐོར་གཏོང་བ་བཅས་བྱ་རྒྱུ་དེ་རེད།
   མཇུག་མཐར། ཆུ་ཚོད་6རིང་རྣམ་གྲངས་འགྲན་བསྡུར་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་“བུད་མེད་ཀྱིས་རང་སྟོབས་རང་སྤེལ་གྱིས་ཕུགས་འདུན་བཅངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད ”ཞེས་པའི་བུད་མེད་ཀྱི་ལག་ཤེས་བཟོ་ལས་སྐབས་དང་པོའི་འགྲན་བསྡུར་ཆེན་མོའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཡང་དག་ངང་མཇུག་བསྒྲིལ་ཞིང་། སྟག་རྩེ་ཆུས་ནས་ཡོང་བའི་ཟླ་སྒྲོན་དང་། མར་གྲོ་གོང་དཀར་རྫོང་གི་སངས་བསྟན་སོགས་ཀྱི་རྣམ་གྲངས་ཚོགས་ཆུང་གི་འགྲན་ཞུགས་པ་བཅོ་ལྔ་དང་ལག་རྩལ་ཚོགས་ཆུང་གི་འགྲན་ཞུགས་བརྩམས་ཆོས་བཅོ་ལྔར་སྔོན་འགྲོའི་སྐར་གྲངས་ཐོབ་ནས་མཐའ་བསྡུར་ལ་ཚུད་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829440.html) 

ལྷ་ས་རུ་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་སྤེལ་བ།

ལྷ་ས་རུ་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་སྤེལ་བ།
  • ལེ་ཚན་སྔོན་མ།:འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་མགོ་ཚུགས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།