འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2020-11-12

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་སྲིད་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། འབྲོག་པ་ཞིག་གིས་ས་གནས་དེ་གའི་དར་དམར་གྲོང་ཚོ་རུ་གནའ་བོའི་བྲག་བརྐོས་རི་མོ་ཞིག་གསར་རྙེད་བྱུང་ཡོད་པ་རེད།  

འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

དེ་ནི་སྡོམ་མདའ་གྲོང་རྡལ་གྱིས་པ་ཡན་ཧ་རིའི་རི་རྒྱུད་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པའི་ཟླ་ཆུའི་ཆུ་འགོའི་ཁུལ་དུ་གནའ་བོའི་བྲག་བརྐོས་རི་མོ་རྙེད་ཐེངས་གཉིས་པ་དེ་ཡིན་པ་དང་། དེས་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་ལས་བརྒལ་བ་མ་ཟད་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། 

འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

བྲག་བརྐོས་རི་མོ་ནི་མིའི་རིགས་ཀྱི་ཤེས་རིག་གི་སྔ་དུས་ཀྱི་ཐོན་དངོས་ཤིག་ཡིན་ལ། གནའ་སྔ་མོའི་གདོད་མའི་ཚོ་པའི་རིག་གནས་ཀྱི་ཤུལ་ལུས་ཤིག་དང་ཡི་གེ་མ་བྱུང་གོང་གི་གདོད་མའི་མིའི་རིགས་ཀྱིས་བཞག་པའི་རྩ་ཆེའི་ལོ་རྒྱུས་ཀྱི་དཔྱད་གཞི་ཞིག་རེད།

འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

ཟླ་ཆུའི་ཆུ་འགོའི་ཁུལ་གྱི་བྲག་བརྐོས་རི་མོའི་བཟོ་རྩལ་དང་དེ་བཞིན་རི་མོའི་བཟོ་དབྱིབས་ཀྱི་ཉམས་འགྱུར་དེ་འབྲི་ཆུའི་འབབ་རྒྱུད་ཀྱི་བྲག་བརྐོས་རི་མོ་དང་རྦད་དེ་མི་འདྲ་བས། གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་རྒྱུ་རྐྱེན་དང་ཁོར་ཡུག་གི་རྒྱུ་རྐྱེན་ཟུང་འབྲེལ་ཐོག  བྲག་བརྐོས་རི་མོའི་ངོ་བོ་དང་རིག་གནས་ཀྱི་ཁྱད་ཆོས་ལ་ལྟ་ཞིབ་བྱས་ཏེ་རིམ་བཞིན་ཡུལ་ཤུལ་ས་ཁུལ་གྱི་བྲག་བརྐོས་རི་མོའི་འབྱུང་ཁུངས་ལ་གསལ་འབྱེད་བྱ་རྒྱུ་ཡིན་པ་རེད།

འབྲོག་པ་ཞིག་གིས་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

  • ལེ་ཚན་སྔོན་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པ་པེ་ཅིང་དུ་འཚོགས་མཇུག་སྒྲིལ་བ།
  • ལེ་ཚན་རྗེས་མ།:ལྷ་ས་རུ་བུད་མེད་ཀྱི་ལག་འཐག་འགྲན་བསྡུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།