བྱིས་པར་སྐྱོང་མཁན་ཡོད་པ་དང་སྐྱོ་པོར་སྐྱོར་མཁན་ཡོད་པ་ནི་དམངས་འཚོའི་དོན་ཆེན་ཞིག་རེད།

ཡོང་ཁུངས། མི་དམངས་དྲ་བ།        2017-10-23

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོ་སྐྱོར་མཁན་ཡོད་པ་བཅས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་ལུགས་གསལ་པོར་བསྟན་ཡོད།
         དམངས་འཚོ་དམངས་སེམས་དང་སྦྲེལ་བ་དང་དམངས་སེམས་ཏང་སེམས་དང་སྦྲེལ་ཡོད།
         དམངས་འཚོ་ནི་སྐབས་རིམ་བྱུང་གི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་གཞི་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྙན་སྒྲོན་ནང“མི་དམངས་ཡོངས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཧུར་ཐག་བྱེད་དགོས”ཞེས་བསྟན་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་ཐོག“སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ལ་རྒྱུན་མཐུད་ངང་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས”ཞེས་བསྟན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“བྱིས་པར་སྐྱོང་མཁན་ཡོད་པ”དང“སྐྱོ་པོ་སྐྱོར་མཁན་ཡོད་པ”དེ་གཉིས་གསར་དུ་བསྣན་ཡོད། ཞིབ་ཅིང་ཕྲ་ལ་མངོན་གསལ་དོད་པའི་འགྱུར་ལྡོག་དེས་གཙོ་བོ་དམིགས་པ་ནི་དམངས་འཚོ་འགན་ལེན་དང་འཕེལ་རྒྱས་དོ་སྙོམས་མེད་པ་དང་ཆ་ཚང་པོ་མེད་པའི་གནད་དོན་དེ་ཡིན་པས་དེ་བས་གནད་སྨིན་དང་དེ་བས་ཁྱོན་ཡོངས་ཀྱི་སྒོ་ནས་དམངས་འཚོའི་ཞན་ཆ་གསབ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བྱིས་པར་སྐྱོང་མཁན་ཡོད་པ་ནས་སྐྱོ་པོ་སྐྱོར་མཁན་ཡོད་པའི་བར་གྱི་བཀོད་སྒྲིག་དེ་རྩ་བའི་ཆ་ནས་མི་རེ་ངོ་རེའི་ཚེ་སྲོག་དུས་འཁོར་ཆ་ཚང་གི་ཕྱོགས་གལ་ཆེན་ལ་ཁྱབ་ཡོད།
         རང་རྒྱལ་གྱི་དུང་ཕྱུར་གཅིག་ལས་བརྒལ་བའི་ལོ་0ནས་6བར་གྱི་བྱིས་པ་དང་དབང་པོ་སྐྱོན་ཅན་ཁྲི་8500སོགས་ཀྱི་ཚོགས་སྤྱིར་གསར་དུ་བསྣན་པའི་ཡིག་འབྲུ་དེ་དག་ལས་ཕན་པ་ཐོབ་རྒྱུ་ཡིན་པ་རེད། འོན་ཀྱང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དབང་པོ་སྐྱོན་ཅན་དབུལ་པོ་སོགས“ཉམས་ཞན་མི་ཚོགས”ལ་སྲིད་ཇུས་ཀྱི་དྲོ་སྐྱིད་སྔོན་ལ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།
         དམངས་འཚོའི་འདུ་འགོད་ནི་དམངས་སེམས་དྲོ་བའི་འདུ་འགོད་ཅིག་རེད། མི་སེར་གྱིས་གང་ལ་དོ་ཁུར་དང་གང་ལ་རེ་སྒུག་བྱས་ཚེ་དེར་ང་ཚོས་དམ་འཛིན་དང་སྐུལ་འདེད་གཏོང་དགོས། མི་སེར་གྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་ནས་འགོ་བཙུགས་ཏེ་ལས་ཀ་རེ་རེ་བཞིན་སྒྲུབ་དགོས། དམངས་འཚོའི་ཕན་པ་མང་ཙམ་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་བསལ་ནས་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་སོང་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཚེ་མི་སེར་གྱི་ཐོབ་ཚོར་དང་བདེ་འཇགས་ཚོར་སེམས་སྔར་བས་ཆེ་རུ་འགྲོ་ཐུབ།

  • ལེ་ཚན་སྔོན་མ།:ལོ་ལྔའི་རིང་རང་རྒྱལ་གྱི་སློབ་མ་མི་ཐེངས་དུང་ཕྱུར4ལྷག་ཙམ་ལ་རིམ་རྩིས་བྱས་ན་རོགས་དངུལ་སྒོར་དུང་ཕྱུར7000ཙམ་ཐོབ་པ།
  • ལེ་ཚན་རྗེས་མ།:དར་རྒྱས་གོང་འཕེལ་གྱི་ཀྲུང་གོ་ནི་འཛམ་གླིང་གི་བསོད་ནམས་རེད།
  • དོ་སྣང་ཆེ་བའི་རྩོམ།