ཡོང་ཁུངས། མི་དམངས་དྲ་བ། 2017-10-23
2012ལོ་ནས་2016ལོ་བར།
སློབ་གསོའི་དུས་མཚམས་ཁག་ཏུ་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་རོགས་དངུལ་ཐོབ་པའི་སློབ་མ(བྱིས་པ)མི་ཐེངས་དུང་ཕྱུར་4.25ཟིན་པ།
རིམ་རྩིས་བྱས་ན་རོགས་དངུལ་བསྡོམས་སྒོར་དུང་ཕྱུར་7000ཙམ་ཟིན་པ།
རྒྱལ་ཡོངས་ཀྱི་སློབ་མ་རོགས་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཐེན་ཙུའུ་དབྱིན་གྱིས་ངོ་སྤྲོད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།
རང་རྒྱལ་གྱི་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་། གྲོན་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན་པ། སློབ་མའི་རོགས་དངུལ་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེ་བའི་སློབ་མ་ཁྲི་ཕྲག་མང་པོ་རོགས་དངུལ་སྲིད་ཇུས་ཀྱི་རོགས་རམ་ལ་བརྟེན་ནས་བདེ་བླག་ངང་སློབ་ཞུགས་དང་སློབ་སྦྱོང་ལེགས་གྲུབ་བྱུང་བ།
རོགས་དངུལ་ཐོབ་པའི་སློབ་མ(བྱིས་པ)
2012ལོའི་མི་ཐེངས་ཁྲི་8413.84ནས། 2016ལོའི་མི་ཐེངས་ཁྲི་9126.14བར་འཕར་བ་དང་འཕར་ཚད་8.47%ཟིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10