ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2017-10-18

གཅིག  ཏུན་ཁྲི་ཡོད་པའི་མཐར་སྐྲོད་གཏོང་བྱེད་ཀྱི་དམག་གྲུ།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


      སྤྱི་ཟླ6པའི་ཚེས28ཉིན། ཀྲུང་གོའི་ཏུན་ཁྲི་ཡོད་པའི་མཐར་སྐྲོད་གཏོང་བྱེད་ཀྱི་དམག་གྲུ་དང་པོ་སྟེ055རྟགས་ཅན་དེ་རྒྱ་མཚོར་ཐོག་མར་ཞུགས་པ་རེད། དེའི་ཐོག་ནས་རང་རྒྱལ་གྱི་མཐར་སྐྲོད་གཏོང་བྱེད་ཀྱི་དམག་གྲུ་འཕེལ་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་ཡོད་པ་དང་ཀྲུང་གོའི་མཚོ་དམག་ནི་འཛམ་གླིང་གི་མཚོ་དམག་གཉིས་པའི་གྲས་སུ་ཚུད་པ་མཚོན་ཐུབ། མིག་སྔར་དམག་གྲུ་དེ་ཡ་གླིང་གི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པ་ཡིན་ཞིང་། མདེའུ་ཤུགས་ཐད་ནས་བཤད་ན་ཕས་རྒོལ་དམག་གྲུའི་འཕུར་མདའི་གྲངས་ཀ་དང་རིགས་ནི་ཨང་དང་པོ་ཡིན་པ་དང་། སྒུལ་ཤུགས་ཐད་ནས་བཤད་ན་གཤེར་འཐེན་འཁོར་མདའ་མེད་པའི་སྐུལ་འདེད་ལག་རྩལ་དང་ཕྱོགས་འདུས་གློག་ཤུགས་མ་ལག་བེད་སྤྱོད་བྱས་ཡོད་པས་ཨ་རིའི་རྒྱལ་ཁབ་ལས་རིང་དུ་བརྒལ་ཡོད།


གཉིས། བསྐྱར་དར་རྟགས་ཅན་གྱི་ཀྲུང་གོའི་ཚད་ལྡན་མེ་འཁོར་ཚན་པ།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


  སྤྱི་ཟླ6པའི་ཚེས26ཉིན། ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་གིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཏེ་ཞིབ་བཟོ་བྱས་ཤིང་རང་བདག་གི་ཤེས་བྱའི་ཐོན་དབང་ཆ་ཚང་ཡོད་པ་དང་། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་ཀྲུང་གོའི་ཚད་ལྡན་མེ་འཁོར་ཚན་པ་སྟེ་བསྐྱར་དར་རྟགས་ཅན་དེ་པེ་ཅིན་དང་དང་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དུ་ཕྱོགས་གཉིས་ནས་གཏོང་འགོ་ཚུགས་པ་རེད།


གསུམ། ཚད་རྡུལ་འཁོར་སྐར་དང་པོ་སྟེ་མའོ་ཙི་རྟགས་ཅན།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


    ན་ལོའི་ཟླ་བ8པར། ཀྲུང་གོའི་ཚད་རྡུལ་འཁོར་སྐར་དང་པོ་སྟེ་མའོ་ཙི་རྟགས་ཅན་འཕེན་གཏོང་ལམ་ལྷོངས་བྱུང་བ་རེད། དེའི་ཐོག་ནས་ཀྲུང་གོ་འཛམ་བུ་གླིང་གི་སྔོན་དུ་ཐེངས་དང་པོར་འཁོར་སྐར་དང་ས་ངོས་བར་གྱི་ཚད་རྡུལ་འཕྲིན་གཏོང་བྱས་ཏེ་གནམ་ས་གཅིག་གྱུར་ཅན་གྱི་ཚད་རྡུལ་གསང་རྒྱའི་འཕྲིན་གཏོང་དང་ཚན་རིག་གི་ཚོད་ལྟའི་མ་ལག་ཅིག་བསྐྲུན་ཡོད་པ་མཚོན་ཐུབ་ཅིང་། འབྱུང་འགྱུར་ཀྲུང་གོའི་འཕྲིན་གཏོང་ལ་ལྐོག་ཉན་དང་གསང་བརྟོལ་བྱ་ཐབས་བྲལ་བ་རེད།

 

བཞི། འབར་རུང་བའི་ཆབ་རོམ་ལེན་པའི་ལག་རྩལ།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


 སྤྱི་ཟླ6པའི་ཚེས11ཉིན། ཀྲུང་གོའི་རྒྱལ་ས་ཐོན་ཁུངས་པུའུ་ཡིས་ཀྲུང་གོའི་མཚོ་ཁོངས་སུ་ཐེངས་དང་པོར་འབར་རུང་བའི་ཆབ་རོམ་ཚོད་ལེན་བྱ་རྒྱུ་ལམ་དུ་ལྷོངས་པའི་ཁྱབ་བསྒྲགས་བྱས་པ་རེད། དེའི་ཐོག་ནས་རང་རྒྱལ་ནི་འཛམ་གླིང་ཐོག་ཏུ་མཚོ་ཁོངས་སུ་འབར་རུང་བའི་ཆབ་རོམ་ཚོད་ལེན་བྱེད་པའི་ཁྲོད་དུ་བསྟུད་མར་ཐོན་རླངས་བརྟན་པོའི་སྒོ་ནས་ལོན་ཐུབ་པའི་རྒྱལ་ཁབ་དང་པོར་གྱུར་པ་རེད།

འབར་རུང་བའི་ཆབ་རོམ་ཞེས་པ་ནི་ཚན་རིག་པས་རང་བྱུང་གི་རླངས་ཆུ་འདྲེས་རྫས་ཞེས་མིང་བཏགས་ཤིང་དུས་རབས21པའི་མི་མངོན་པའི་ནུས་ཤུགས་ཆེས་ཆེ་བའི་ནུས་ཁུངས་གཙང་མ་གསར་གྲས་ཤིག་ཡིན་ལ། དེ་རྡོ་སོལ་དང་རྡོ་སྣུམ། རང་བྱུང་རླངས་བཅས་ཀྱི་ཚབ་བྱེད་དུ་རུང་བས་འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚང་མས་འབར་རུང་བའི་ཆབ་རོམ་ལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་དོ་སྣང་ཆེས་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།


  ལྔ། རང་རྒྱལ་གྱི་བཟོས་པའི་གནམ་གྲུ་ཆེ་གྲས།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


  སྤྱི་ཟླ5པའི་ཚེས5ཉིན། རང་རྒྱལ་གྱིས་རང་བདག་གིས་བཟོས་པའི་རླུང་འབུད་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་རབས་གསར་པ་སྟེC919རྟགས་ཅན་ཧྲང་ཧའེ་ཡི་ཕུའུ་ཏུང་གནམ་ཐང་ནས་འཕུར་བ་རེད། C919རྟགས་ཅན་གྱི་གནམ་གྲུར་འགྲུལ་པ174ཤོང་བ་དང་མཁའ་འགྲུལ་ལམ་ཐག་ཆེས་རིང་བ་སྤྱི་ལེ5000ཡིན་ཞིང་། པའོ་དབྱིན737དང་ཁུང་ཁེ320དང་འདྲ་བ་རེད། དེའི་ཐོག་ནས་མ་འོངས་པ་ན་ཀྲུང་གོའི་ཚོང་དོན་གནམ་གྲུ་དེ་ནུབ་ཕྱོགས་མཁའ་སྐྱོད་བཟོ་ལས་སྤྱི་གཉེར་ཁང་གི་ཁ་གཏད་ལངས་ཐུབ་ཡས་འགྱུར་རེ་ཡོད་པ་རེད།


  དྲུག  འོད་ཚད་རྡུལ་གྱི་རྩིས་འཕྲུལ།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


   སྤྱི་ཟླ5པའི་ཚེས3ཉིན། ཀྲུང་གོའི་ཚན་རིག་གླིང་གིས་འཛམ་གླིང་གི་ཨང་དང་པོ་ཡིན་པའི་སྔོན་མའི་རྩིས་འཕྲུལ་ལས་བརྒལ་བའི་ཚད་རྡུལ་རྩིས་འཕྲུལ་བཟོས་པའི་ཁྱབ་བསྒྲགས་བྱས་པ་རེད། ཚད་རྡུལ་རྩིས་རྒྱག་གིས་སྐད་ཅིག་ཉིད་ལ་ཕས་རྒོལ་གྱི་དམག་དོན་དང་ས་ངོས་སྒྲིག་ཆས་ཀྱི་སྒྲིག་ཨང་མ་ལག་གཏོར་ཐུབ་ཅིང་། རྩིས་རྒྱག་པ་དང་དན་གྲངས་ཐག་གཅོད་བྱེད་པའི་མྱུར་ཚད་ཧ་ཅང་མགྱོགས་པ་རེད། དེང་སང་ཀྲུང་གོ་ནི་ཚད་རྡུལ་གསར་བརྗེའི་འགོ་ཁྲིད་པར་གྱུར་ཅིང་ཕྱི་རྒྱལ་ཁབ་དག་གིས་འགྲམ་ཆུ་ལྡང་བའི་གནས་སུ་གྱུར་ཡོད།


བདུན།  ཤེས་རབ་ཀྱི་མིག་ཅེས་པའི་འཁོར་སྐར།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


    སྤྱི་ཟླ6པའི་ཟླ་གཞུང་། ཚད་རྡུལ་འཁོར་སྐར་གྱི་རྗེས་སུ་ཀྲུང་གོས་སླར་ཡང་ཤེས་རབ་ཀྱི་མིག་ཅེས་པའི་འཁོར་སྐར་ཞིག་འཕངས་པ་རེད། དེའི་དམིགས་ཡུལ་ཡང་ང་ཚོས་གནམ་དུང་ནག་པོ་དང་གློག་འཕར་སྐར་མར་ཞིབ་འཇུག་བྱེད་པར་རོགས་རམ་བྱ་བའི་ཆེད་དུ་རེད། ལོ50ཡི་སྔོན་དུ་ཨ་རིས་གནམ་དུང་ནག་པོ་དང་གློག་འཕར་སྐར་མར་ཞིབ་འཇུག་བྱ་འགོ་བརྩམས་ཡོད། ད་ལྟར་ཀྲུང་གོ་ཡང་དེའི་རྗེས་སུ་སྙེགས་ཟིན་པ་རེད།


བརྒྱད། རང་རྒྱལ་གྱིས་བཟོས་པའི་མཁའ་བསྐྱོད་མ་གྲུ།

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།


  སྤྱི་ཟླ4པའི་ཚེས26ཉིན། མི་ཁྲི་སྟོང་མང་པོས་རེ་སྒུག་བྱེད་བཞིན་ཡོད་པའི་རང་རྒྱལ་གྱི་བཟོས་པའི་མཁའ་བསྐྱོད་མ་གྲུ་དང་པོ་དེ་ཏ་ལེན་དུ་མཚོར་ཞུགས་པ་རེད། འདི་ནི་རང་རྒྱལ་གྱིས་བཟོས་པའི་མཁའ་བསྐྱོད་མ་གྲུ་ཨང་དང་པོ་དེ་ཡིན་ཞིང་། དེར་མཚོར་ཞུགས་པ་ལས་ཀྲུང་གོའི་མཚོ་དམག་འཕེལ་སྟོབས་ཆེ་རུ་འགྲོ་བ་དང་། ཀྲུང་གོའི་རྒྱལ་སྲུང་དངོས་ཤུགས་དུས་རིམ་གསར་པར་སླེབས་པར་མཚོན་ཐུབ་ཅིང་། ཀྲུང་གོའི་མི་དམངས་མགོ་འཕང་མཐོ་ཞིང་སྙིང་ནད་སངས་པའི་ལོ་རྒྱུས་ཀྱི་བདེན་དཔང་དུ་གྱུར་པ་རེད། མཁའ་བསྐྱོད་མ་གྲུ་འདི་བཟོས་པ་དུས་ཡུན་ལོ་གསུམ་ལས་འགོར་མེད་པ་རེད།


དགུ།  ཞང་ཀང་དང་ཀྲུའུ་ཅང་། ཨའོ་མིན་བར་གྱི་ཟམ་ཆེན་སྦྲེལ་མཐུད་ཡོང་བ། 

ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།



     ཞང་ཀང་དང་ཀྲུའུ་ཅང་། ཨའོ་མིན་བར་གྱི་ཟམ་ཆེན་གྱི་རིང་ཚད་ལ་སྤྱི་ལེ55ཡོད་ཅིང་། མཚོ་བརྒལ་ཟམ་པ་དང་མཚོ་ཞབས་ཕུག་ལམ་བཅས་ལས་གྲུབ་ཅིང་། མིག་སྔར་འཛམ་གླིང་ན་ཆེས་རིང་བའི་མཚོ་བརྒལ་ཟམ་ཆེན་ཡིན་པ་རེད། ཟམ་པ་འདིས་འཛམ་གླིང་གི་དཔལ་འབྱོར་གནས་བབ་བཅོས་བསྒྱུར་བྱེད་ཐུབ་ཅིང་དེ་ལ་བརྟེན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཀྱང་བསྣན་པ་རེད།  ཚད་བརྒལ་ཨར་ལས་འདི་ནི་འཛམ་གླིང་ཟམ་སྐྲུན་ལོ་རྒྱུས་ཐོག་གི་རྩེ་གྲས་སུ་གྱུར་པའི་བརྩམས་ཆོས་ཤིག་ཏུ་གྱུར་ཏོ།།


  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སེང་གི་ནང་དུ་རིག་གནས་ཀྱི་ཡིད་རྟོན་བརྟན་པོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས
  • དོ་སྣང་ཆེ་བའི་རྩོམ།