ཡེ་ཤེས་ཀྱིས་བསྒྱུར། 2017-10-17
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། འདས་པའི་ལོ5ཡི་རིང་ལ་ཀྲུང་དབྱང་ནོར་སྲིད་དང་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར17གྱིས་སྒོར་དུང་ཕྱུར115.97གཏོང་འཇོག་བྱས་ཏེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཡག་ཏུ་འགྲོ་བར་རྒྱབ་སྐྱོར་བྱས་ཡོད་པ་རེད།
བོད་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུའེ་ཕའེ་ཧའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་ཀྱི་སྨན་བཅོས་རུ་ཁག300ལྷག་སྔོན་རྗེས་སུ་བོད་ལྗོངས་སུ་འོངས་ནས་ནད་པ་མིའི་ཐེངས་གྲངས་ཁྲི300ལ་སྨན་བཅོས་བྱས་ཡོད་ཅིང་། ནད་པ་ཁྲི2ལྷག་ལ་གཤགས་བཅོས་བྱས་ཡོད། རྩ་འཛུགས་ཚོགས་པའི་རྣམ་པའི་ཐོག་ནས་བོད་སྐྱོར་རུ་ཁག་གིས་སྨན་བཅོས་ཀྱི་ཆེད་རམས་པ480སྒྲིག་འཛུགས་བྱས་ནས་བོད་ཀྱི་ཐུམ་འབུའི་ནད་སོགས་ས་གནས་ཀྱི་གཅོང་ནད་སྨན་བཅོས་བྱེད་སར་མངགས་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ནད་རིགས་ལྗིད་པོ266དེ་བོད་ལྗོངས་ཀྱིས་ཕྱིར་འགྲོ་མི་དགོས་པ་སྨན་བཅོས་བྱེད་ཐུབ་པ་དང་ནད་རིགས་ཅུང་ལྗིད་པོ1726དེ་ས་ཁུལ་དང་གྲོང་ཁྱེར་གྱིས་ཕྱིར་འགྲོ་མི་དགོས་པ་སྨན་བཅོས་བྱེད་ཆོག་ཅིང་། རྫོང་རིམ་པའི་སྨན་ཁང་གིས་རྒྱུན་མཐོང་གི་ནད་རིགས་ཆུང་ཆུང་སྨན་བཅོས་བྱེད་ཐུབ་པ་རེད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད་པ་དང་། གལ་ཆེ་བའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་རྒྱུན་མཐུད་དུ་སྐུལ་སྤེལ་གཏོང་བ། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་ཚད་བརྒྱ་ཆ་དགུ་བཅུ་ཡན་ཆད་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཕའེ་ཨན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་ལ་སླེབས་དུས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་དེ་ནུབ་རྒྱུད་ཀྱི་ཆ་སྙོམས་ཆུ་ཚད་ཐོག་སླེབས་གང་ཐུབ་བྱ་རྒྱུ་དང་། ཡུལ་མིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ70 ལ་ཟིན་གང་ཐུབ་བྱ་རྒྱུ་རེད། ཞིང་སྡེའི་མི་འབོར་དབུལ་པོའི་ནད་གཞི་ལྗིད་པོ་ཕོག་མཁན་ཡོད་ཚད་གཅིག་ཀྱང་མི་ལྷག་པར་སྨན་བཅོས་བྱེད་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10