བདེ་ཐང་དབུལ་སྐྱོར་གྲོང་སྡེ་དང་ཞིང་དུད་དུ་བསྐྱལ།

ཡེ་ཤེས་ཀྱིས་བསྒྱུར།        2017-10-16

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ནད་ཕོག་ནས་དབུལ་པོར་གྱུར་བ་དང་དབུལ་པོར་བསྐྱར་ལོག་བྱུང་བ་ནི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་རྒྱལ་ཁ་ལེན་པར་རྒྱུན་མཐུད་ངང་ཁ་གསབ་བྱ་དགོས་པའི་དམངས་འཚོ་ལེགས་བཅོས་བྱེད་རིམ་གྱི་མི་འདང་ས་ཞིག་ཡིན་པ་རེད། 2016ལོར་རྒྱལ་ཡོངས་ཀྱི་ཡིག་ཚགས་བྱང་པོ་བཟོས་པའི་གཞི་གྲངས་ཐོག་ནས་མཚོན་པར་གཞིགས་ན། ནད་ཕོག་ནས་དབུལ་པོ་གྱུར་བ་དང་དབུལ་པོ་བསྐྱར་ལོག་བྱུང་བའི་དབུལ་པོ་དེ་དབུལ་པོའི་དུད་ཚང་གི་སྤྱིའི་བསྡོམས་གྲངས་ལས་བརྒྱ་ཆ42.6བཟུང་ཡོད་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། མི་འབོར་དབུལ་པོ་དེ་ནད་ཕོག་ནས་དབུལ་པོར་གྱུར་བ་དང་དབུལ་པོར་བསྐྱར་ལོག་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་དབུལ་ཐར་འགག་སྒྲོལ་ནང་གནད་འགག་ནང་གི་དཀའ་ཚེགས་ཆེ་ས་རེད། མི་འབོར་དབུལ་པོར་སྨན་བསྟེན་བཅུག་པ་དང་གཞི་རྩའི་སྨན་བཅོས་ལ་འགན་བཅོལ་བྱེད་ཐུབ་པ་ནི་མི་འབོར་དབུལ་པོས་དམངས་འཚོའི་སྐྱིད་སྣང་ཐོབ་པར་འགན་སྲུང་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་རེད།

    རྒྱལ་ཁབ་འཕྲོད་བསྟན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་སོགས་སྡེ་ཁག་མང་པོས་མཉམ་དུ་དཔར་འགྲེམ་བྱས་པའིབདེ་ཐང་དབུལ་སྐྱོར་གྱི་ལས་གཞི་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཁྲིད་སྟོན་བསམ་འཆརནང་བསྟན་དོན། ལག་རྩལ་ཐོག་གི་རྒྱབ་སྐྱོར་དང་། མི་སྣ་གསོ་སྐྱོང་སྦྱོང་བརྡར། དོ་དམ་ཁྲིད་སྟོན་སོགས་ཀྱི་བྱེད་སྟངས་མང་པོ་བེད་སྤྱོད་བྱས་ཏེ་རོགས་སྐྱོར་བྱ་ཡུལ་ས་གནས་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བྱ་རྒྱུ་དང་། 2020 ལོར་སླེབས་ཚེ། དབུལ་ཕོངས་ས་ཁུལ་གྱི་མི་ཚང་མར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་འཇུག་རྒྱུ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། རྒྱལ་ཁབ་ཀྱི་རྒྱ་ལུགས་སྨན་རྫས་དོ་དམ་ཅུས། ཀྲུང་དབྱང་དམག་ཨུའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་ཡི་འཕྲོད་བསྟེན་ཅུས་སོགས་སྡེ་ཚན་གྱིས་ལོ་ལྟར་མཉམ་འབྲེལ་གྱིས་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ་བ་དང་། ལོ4ལྷག་རིང་ལ། རྒྱལ་ཡོངས་སུ་སྨན་བཅོས་མི་སྣ་ཁྱོན་བསྡོམས་ཁྲི300ཙམ་སྒྲིག་འཛུགས་བྱས་ཏེ། གསར་བརྗེ་གནས་གཞི་རྙིང་པ་དང་དབུལ་ཕོངས་ས་ཁུལ། གྲངས་ཉུང་མི་རིགས་ས་ཁུལ་དུ་ཟབ་འཇུག་བྱས་ནས་ནད་པ་དང་མང་ཚོགས་ཁྲི6000ཉེ་བར་འོས་འགན་གྱིས་སྨན་བཅོས་བྱས་ཡོད།


  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་ཀྲུང་གོས་བྱེ་འགོག་བྱེ་བཅོས་ལ་བརྟེན་ནས་དབུལ་ཕོངས་མི་གྲངས་བརྟན་བརླིང་ངང་དབུལ་ཐར་བྱུང་དུ་བཅུག
  • ལེ་ཚན་རྗེས་མ།:རི་མོ་གཅིག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས་ཀློག་པ།
  • དོ་སྣང་ཆེ་བའི་རྩོམ།