ཟླ་བ8པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་ལ་འགལ་བའི་གནད་དོན3859རྩད་གཅོད་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2017-09-29

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ9པའི་ཚེས18ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡིས་དྲ་བའི་ཐོག་བསྒྲགས་པའི་གཞི་གྲངས་ལ་གཞིགས་ན། ཟླ་བ8པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་དང་འགལ་བའི་གནད་དོན3859རྩད་གཅོད་བྱས་ཡོད་ཅིང་། མི5419ལ་ཐག་གཅོད་བྱས་པ་དང་མི4012ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད།

     ཞིབ་བཤེར་ཐག་གཅོད་བྱས་པའི་རིགས་ལ་བལྟས་ན། ཁྲིམས་དང་འགལ་ནས་ཞོར་ཕོགས་ཁ་གསབ་ཡང་ན་ཁེ་ཕན་བྱིན་པའི་གནས་དོན་འབུར་ཐོན་ཡིན་པ་དེ940ཡོད་པ། ཁྲིམས་དང་འགལ་ནས་འབུལ་རྟེན་སྡུད་པ་དང་བསྐྱལ་བའི་གནད་དོན819ཡོད་པ། ཁྲིམས་དང་འགལ་ནས་སྤྱི་པའི་རླངས་འཁོར་སྒེར་སྤྱོད་བྱས་པའི་གནད་དོན624ཡོད་པ། ཁྲིམས་དང་འགལ་ནས་གཉེན་སྟོན་དང་གཤིན་པོ་དུར་སྐྱེལ་གཟབ་རྒྱས་བྱེད་པའི་གནད་དོན441ཡོད་པ། ཟླ་བ8པར་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་ལ་འགལ་ནས་ཐག་གཅོད་བྱས་པའི་ལས་བྱེད་པའི་ནང་ས་གནས་དང་ཐིང་རིམ་པའི་ལས་བྱེད་པ77ཡོད་པ་དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ505ཡོད་པ་རེད།

      ཟླ་བ8པའི་ཟླ་མཇུག་ཏུ་སླེབས་དུས། 2017ལོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་ལ་འགལ་བའི་གནད་དོན28965ཡོད་པའི་ནང་མི40818ལ་ཐག་གཅོད་བྱས་ཡོད་ཅིང་། མི28376ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད།

རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཚུལ་ཁོང་དུ་ཆུད་ཐུབ་པ་བྱ་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཆེན་དང་ས་ཁུལ31དང་ཞིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་དམག་སྒར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས139 ཀྲུང་དབྱང་གི་ཁེ་ལས98 ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས15བཅས་སུ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེ་རེར་ཞུ་བའི་ལམ་ལུགས་བཙུགས་ཡོད།།


  • ལེ་ཚན་སྔོན་མ།:འབད་འབུངས་ཡར་བརྩོན་གྱི་ལོ5ཡི་གྲུབ་འབྲས་འགྲེམས་སྟོན།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་གསར་པ་བཏོན་ནས་དཀའ་ངལ་ཡོད་པའི་བྱིས་པར་འགན་སྲུང་བྱེད།
  • དོ་སྣང་ཆེ་བའི་རྩོམ།