མི་རིགས་སྐད་ཡིག་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་མཚོ་ལྷོ་ནས་བཙུགས།

        2017-09-08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྐད་ཡིག་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་སློབ་ཁྲིད་ཀྱི་ལག་ལེན་དངོས་སྦྱོང་རྟེན་གཞི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་ནས་བཙུགས། མཚོ་སྔོན་དགེ་ཐོན་སློབ་ཆེན་ཁྲིམས་ལུགས་དང་སྤྱི་ཚོགས་སློབ་གླིང་གི་གླིང་གཙོ་ཝང་ཙའོ་ཆོན་དང་གླིང་གཙོ་གཞོན་པ་མཱ་ཞུའུ་ཏུང་། རྒྱལ་ཁབ་ཞིབ་དཔྱོད་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་གླིང་གཙོ་མཱ་ཐེན་ཧྲན། གླིང་གཙོ་གཞོན་པ་མཱ་ཧྲིན་ལུའུ། མཚོ་ལྷོ་ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཙན་ཁྲོན་ཧྥང་། མཚོ་ལྷོ་ཁུལ་གྱི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། དཔྱད་ཞིབ་གཞུང་ལས་ཁང་གི་ཀྲུའུ་རིན་ཡུའུ་ཅིན་མེན་དང་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཁུལ་གསར་འཛུགས་གཞུང་ལས་ཁང་། ཁུལ་རྨང་གཞི་གསུམ་གྱི་གཞུང་ལས་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཝང་ཙའོ་ཆོན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚབ་བྱས་ནས་སློབ་གྲྭ་དེ་དང་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱི་མཉམ་ལས་སློབ་གཉེར་བྱེད་སྟངས་དང་དགེ་རྒན་གྱི་དཔུང་སྡེ་ནུས་ཤུགས་ཀྱི་གནས་བབ། ཅིའི་ཕྱིར་མི་རིགས་སྐད་ཡིག་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། ཅིའི་ཕྱིར་མཉམ་འབྲེལ་སྒོས་མི་རིགས་སྐད་ཡིག་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ཏེ་མི་རིགས་སྐད་ཡིག་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་མཉམ་དུ་གསོ་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་འགྲེལ་བཤད་གཏིང་ཟབ་བྱས། རྣམ་པ་གསར་བའི་མཉམ་ལས་བྱས་པ་བརྒྱུད་ཞིབ་དཔྱོད་ཁང་དང་སློབ་གྲྭའི་བར་ཕན་ཚུན་དགེ་མཚན་ཁ་གསབ་དང་ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་རྒྱལ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དམིགས་འབེན་མངོན་འགྱུར་བྱས་ནས། མི་རིགས་སྐད་ཡིག་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་གསོ་སྦྱོང་བྱ་བར་རོགས་འདེགས་བྱེད་པ་དེ་མི་རིགས་ས་ཁུལ་གྱི་སྐད་གཉིས་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣའི་དཔེ་སྟོན་དུ་འགྱུར་བར་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།

ཙན་ཁྲོན་ཧྥང་གིས་བསྟན་དོན། རྟེན་གཞི་བཙུགས་པ་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཚོ་ལྷོ་ཁུལ་གྱི་ཞིབ་དཔྱོད་བྱ་བར་ཡང་དག་པའི་འགོ་ཁྲིད་དང་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་ཡིན་ལ། མཚོ་ལྷོ་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་སྒོས་ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་བཏོན་ནས་ཞིབ་དཔྱོད་མི་སྣའི་སྐད་གཉིས་གཏུག་བཤེར་ནུས་པ་མཐོར་འདེགས་དང་། ནུས་ཡོད་སྒོས་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་དང་ལག་ལེན་ཡིན་ཞིང་། མཚོ་ལྷོ་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་ཁུལ་གྱི་ཞིབ་དཔྱོད་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་ལ་དམིགས་ནས་མཚོ་སྔོན་བོད་ཁུལ་གྱི་སྐད་གཉིས་གཏུག་བཤེར་ཐད་ཀྱི་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱེད་པའི་གནད་འགག་ཡིན་པར་མ་ཟད། ལྷག་པར་དུ་ཞིབ་དཔྱོད་རྒྱུ་རྐྱེན་དེ་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱ་བ་དང་བདེ་འཇགས་མཚོ་ལྷོ། ཁྲིམས་སྐྱོང་མཚོ་ལྷོ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པའི་མཚོན་བྱེད་གལ་ཆེན་ཡང་ཡིན་ཟེར།  །


  • ལེ་ཚན་སྔོན་མ།:བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་དངོས་སུ་སྤྱོད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།