ད་ལོ་ནས་བཟུང་རིན་པ་མི་དགོས་པ་ལིང་གྲིབ་ནད་པ་དབུལ་པོར་སྨན་བཅོས་བྱ་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2017-08-28

     2017ལོ་ནས་བཟུང་བདེན་མིན་ཞིབ་དཔྱད་དང་ཞིབ་བཤེར་ཆོག་མཆན་གནང་སྟེ་ཡིག་ཚགས་བྱང་བུ་བཟོས་པའི་ལིང་གྲིབ་ནད་པ་དབུལ་བོར་རིན་པ་མི་དགོས་པར་རོགས་སྐྱོབ་སྨན་བཅོས་བྱ་རྒྱུ་རེད།   2020ལོར་སླེབས་དུས་ཡིག་ཚགས་བྱང་བུ་བཟོས་པའི་ལིང་གྲིབ་ནད་པ་དབུལ་བོ་ཐམས་ཅད་ལ་རིན་པ་མི་དགོས་པར་རོགས་སྐྱོབ་སྨན་བཅོས་བྱ་རྒྱུ་ཡིན་པར་མ་ཟད།   ད་རུང་ཕན་ཡུན་རིང་པོ་ལྡན་པའི་ནང་རྐྱེན་འཛུགས་རྒྱུ་རེད།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བུ་བཙའ་ཨུ་ལྷན་གཉིས་ཀྱིས་ཚེས8ཉིན་མཉམ་དུའོད་གསལ་དབུལ་སྐྱོར་ལས་གྲྭའི་ལས་སྒྲུབ་འཆར་འགོདདཔར་འགྲེམས་བྱས་ཡོད།

     འཆར་འགོད་ནང་ཕྱོགས་བཞིའི་ཐད་ནས་ལིང་གྲིབ་ནད་པ་དབུལ་བོར་རོགས་སྐྱོབ་སྨན་བཅོས་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་སྟེ།   ཐོག་མར་སྤུས་ཚད་ཁག་ཐེག་དང་།  ནད་པས་སྨན་བཅོས་བྱེད་བདེ་བ།   དོ་དམ་ལུགས་མཐུན་ཡིན་པ་བཅས་ཀྱི་རྩ་དོན་ཐོག་ནས་དམིགས་འཛུགས་ཀྱི་སྨན་ཁང་གཏན་འཁེལ་བྱ་དགོས་ཤིང་།  དམིགས་འཛུགས་ཀྱི་སྨན་ཁང་དེ་རྩ་དོན་ཐོག་རྫོང་རིམ་པའི་སྨན་ཁང་དུ་འཛུགས་དགོས་པ་དང་སྨན་བཅོས་ཉེན་འགོག་གི་དམིགས་འཛུགས་སྨན་ཁང་གི་ཁོངས་སུ་གཏོགས་དགོས།   གཉིས་ནི་སྨན་བཅོས་བྱ་རྒྱུའི་འཆར་འགོད་གཏན་འབེབས་བྱས་ཏེ་དམིགས་སུ་བཀར་ནས་ཉེན་མེད་ནུས་ལྡན་དང་སྨན་ཡོན་འབེལ་པོ་དང་འོས་པའི་སྨན་བཅོས་ལག་རྩལ་དང་སྨན་རྫས་གདམ་དགོས།   གསུམ་ནི་སྨན་བཅོས་རོགས་སྐྱོབ་བྱེད་པར་སྒྲིག་འཛུགས་བྱ་དགོས་ཤིང་།   གྲོང་ཚོ་རིམ་པའི་སྨན་པ་དང་།   འཆར་ལྡན་བུ་བཙའི་ཆེད་ལས་ལས་བྱེད་པ།   ཧྲུའུ་ཅི་དང་པོ།   གྲོང་ཚོར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་རུ་ཁག་དང་དབུལ་སྐྱོར་དཔུང་སྡེ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རོགས་སྐྱོབ་བྱ་དགོས་པའི་ལིང་གྲིབ་ནད་པ་སྒྲིག་འཛུགས་བྱ་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་དགོས།   བཞི་ནི་སྤུས་ཚད་ཁག་ཐེག་བྱ་དགོས་ཤིང་།   དམིགས་འཛུགས་སྨན་ཁང་གིས་ཉེན་མེད་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་པ་དང་ལས་ཀ་སྒྲུབ་པ་དེ་ཚད་དང་མཐུན་དགོས་པ།    ལས་རིགས་ཐད་ཀྱི་སྦྱོང་བརྡར་ཡག་པོ་བྱས་ཏེ་ལིང་གྲིབ་གཤགས་བཅོས་བྱ་རྒྱུའི་སྤུས་ཚད་ཁག་ཐེག་བྱ་དགོས་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་བའི་དཔྱད་འདེམས་ཚོགས་འདུ་བདེ་བླག་ངང་མཇུག་གྲིལ་ཡོད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་འཐུས་མི་ཚོགས་པས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།