གཞིས་ཀ་རྩེ་གྲོང་ཁྱེར་གྱིས“སྡེ་ཚོགས་རང་བཞིན”གྱི་སློབ་གསོ་མི་སྣའི་བོད་སྐྱོར་བྱ་བར་བརྟེན་ནས་སློབ་གསོའི་སྤུས་ཚད་ཇེ་མཐོར་བཏང་།

        2017-08-25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། སློབ་གསོ་པུའུ་སོགས་པུའུ་ཨུ་བཞི་ཡིས་མཉམ་དུ་འགྲེམ་སྤེལ་བྱས་པའི《“སྡེ་ཚོགས་རང་བཞིན”གྱི་སློབ་གསོ་མི་སྣའི་བོད་སྐྱོར་བྱ་བའི་ལག་བསྟར་ཇུས་གཞི》ལྟར་ན། ཧྲང་ཧེ་གྲོང་ཁྱེར་དང་། ཧྲན་ཏུང་ཞིང་ཆེན། ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་བཅས་ནས་གདམ་གསེས་བྱས་པའི“སྡེ་ཚོགས་རང་བཞིན”གྱི་བོད་སྐྱོར་སློབ་གསོ་མི་སྣ170ཡིས་སོ་སོ་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཧྲང་ཧེ་ཚོད་ལྟའི་སློབ་གྲྭ་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གསུམ་པ། གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་དམའ་འབྲིང་གཉིས་བ་བཅས་ལ་ཁ་གཏད་བོད་སྐྱོར་བྱས། བོད་སྐྱོར་དགེ་རྒན་དེ་དག་གིས་སློབ་ཁྲིད་ལས་འགན་ཕྲག་ཏུ་འཁུར་བ་ལས་གཞན་ད་རུང་ཆེད་ལས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། སློབ་གསོ་ཞིབ་འཇུག་དང་། གསོ་སྦྱོང་། སློབ་ཁྲིད་བཅོས་བསྒྱུར་བཅས་ཀྱི་བྱ་བར་མཛུབ་སྟོན་གནང་སྟེ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སློབ་གཉེར་ཆུ་ཚད་དང་སློབ་གསོའི་སྤུས་ཚད་ཇེ་མཐོར་བཏང་།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས“སྡེ་ཚོགས་རང་བཞིན”གྱི་སློབ་གསོ་མི་སྣའི་བོད་སྐྱོར་བྱ་བར་བརྟེན་ནས་སློབ་གསོའི་སྤུས་ཚད་ཇེ་མཐོར་བཏང་།

འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དང་པོ་རུ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཅི་པེ་སློབ་འབྲིང་ནས་ཡོང་བའི་རྫས་འགྱུར་དགེ་རྒན་ཚའོ་ཆིན་ཧྲེན་གྱིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས“སྡེ་ཚོགས་རང་བཞིན”གྱི་སློབ་གསོ་མི་སྣའི་བོད་སྐྱོར་བྱ་བར་བརྟེན་ནས་སློབ་གསོའི་སྤུས་ཚད་ཇེ་མཐོར་བཏང་།

འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཧྲང་ཧེ་ཚོད་ལྟའི་སློབ་གྲྭ་རུ་ཧྲང་ཧེ་གྲོང་ཁྱེར་ཚའོ་དབྱང་ཁོགས་གཏོགས་སློབ་འབྲིང་གཉིས་པ་ནས་ཡོང་བའི་མཛེས་རྩལ་དགེ་རྒན་ཀའོ་ཆུན་པིན་གྱིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས“སྡེ་ཚོགས་རང་བཞིན”གྱི་སློབ་གསོ་མི་སྣའི་བོད་སྐྱོར་བྱ་བར་བརྟེན་ནས་སློབ་གསོའི་སྤུས་ཚད་ཇེ་མཐོར་བཏང་།

འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཧྲང་ཧེ་ཚོད་ལྟའི་སློབ་གྲྭ་རུ་ཧྲང་ཧེ་གྲོང་ཁྱེར་ཧྥུ་ཏུང་ཁུལ་གསར་ཅང་ཀྲིན་སློབ་འབྲིང་ནས་ཡོང་བའི་དབྱིན་ཡིག་དགེ་རྒན་ཞུས་མེ་ཧོ་ཡིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།


  • ལེ་ཚན་སྔོན་མ།:བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་བའི་དཔྱད་འདེམས་ཚོགས་འདུ་བདེ་བླག་ངང་མཇུག་གྲིལ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།