ལྷ་སར་ཞོ་སྟོན་གྱི་སྣང་ཚུལ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ།

མི་དམངས་དྲ་བ།    མི་དམངས་དྲ་བ།    2017-08-22


     2017ལོའི་ལྷ་སའི་ཞོ་སྟོན་ནི་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་གནའ་གྲོང་ལྷ་ས་གཏོང་རྒྱུ་ཡིན་པ་དང་། ཞོ་སྟོན་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་གཏོང་འགོ་ཚུགས་པ་ཡིན་ཞིང་། 2006ལོར་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོ་ཁག་དང་པོར་འཁོད་པ་རེད། ཞོ་སྟོན་དགའ་བསུ་དང་དུས་ཆེན་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོང་བ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་སྟོན་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱིས་ལྷ་ས་གྲོང་ཁུལ་གྱི་ལམ་མཚམས་གཙོ་བོ་དང་མཛེས་ལྗོངས་ཁུལ་དུ་མེ་ཏོག་སྒྲིག་རྒྱན་སྤྲས་པ་དང་། དེའི་ཁྲོད་དུ་པོ་ཏ་ལའི་ཐང་ཆེན་དང་ལྕགས་པོ་རི་སྤྱི་གླིང་དུ་ལངས་གཟུགས་མེ་ཏོག་བཀོད་སྒྲིག་བྱས་པ་རེད། 

  • ལེ་ཚན་སྔོན་མ།:ལི་ཅིན་གྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་ཐད་ཚད་བརྒལ་ཆེན་པོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།