གངས་དཀར་རི་བོ་སྐོར་བའི་རི་ཀླུང་ཁང་ཕྱིའི་ལུས་རྩལ་འགྲན་སློང་འགྲན་བསྡུར་ཟླ་བ༨པར་འགོ་ཚུགས་རྒྱུ།

བདེ་སྐྱིད་ཀྱིས་བསྒྱུར།        2017-08-08

ཉེ་ཆར། 2017ལོའི་ཀྲུང་གོའི་དཀར་མཛེས་གངས་དཀར་རི་བོ་སྐོར་བའི་རྒྱལ་སྤྱིའི་ཁང་ཕྱིའི་སྤྱི་ལེ་བརྒྱའི་རི་ཀླུང་ལུས་རྩལ་འགྲན་སློང་འགྲན་བསྡུར་བྱ་རྒྱུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད།  གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དཀར་མཛེས་གངས་དཀར་རི་བོ་སྐོར་བའི་རྒྱལ་སྤྱིའི་ཁང་ཕྱིའི་སྤྱི་ལེ་བརྒྱའི་རི་ཀླུང་ལུས་རྩལ་འགྲན་སློང་འགྲན་བསྡུར་ཏེ་དཀར་མཛེས་ཁུལ་གྱི་ཞིང་ལས་ཡིད་རྟོན་བུམ་པའི་འགྲན་བསྡུར་བྱེད་སྒོ་དེ2017ལོའི་ཟླ་བ8པའི་ཚེས17ནས་ཚེས20ཉིན་གྱི་བར་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་དུང་དཀར་ལུང་པར་སྤེལ་རྒྱུ་རེད།  འདི་ནི་ཞིང་ཆེན་ཡོངས་ཀྱི་མིག་སྔར་རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་གྱི་འགྲན་བསྡུར་ལས་གཞི་ཡིན་ཞིང་།  བསྟུད་མར་སྐབས་གཉིས་སྤེལ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  འགྲན་བསྡུར་ལས་གཞི་དེ་ནི་ཀྲུང་གོ་རི་འཛེག་མཐུན་ཚོགས་དང་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས།  ཁུལ་མི་དམངས་

སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཞིང་ཆེན་རི་འཛེག་ཁང་ཕྱིའི་ལུས་རྩལ་མཐུན་ཚོགས།  ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གསར་འགྱུར་ཅུས།  དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་།  དུང་དཀར་ལུང་པ་དོ་དམ་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་རྒྱུ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་ཁུལ་གྱིས་འཛམ་གླིང་ཡོངས་ལ་གདན་ཞུ་བྱ་སྟེ།  མི་དེ་བས་མང་བ་ཞིག་གིས་དཀར་མཛེས་གངས་དཀར་རི་བོ་སྐོར་བའི་རྒྱལ་སྤྱིའི་ཁང་ཕྱིའི་རི་ཀླུང་ལུས་རྩལ་འགྲན་སློང་འགྲན་བསྡུར་ནང་ཞུགས་པ་དང་སྦྲགས་དོ་ཁུར་བྱ་རྒྱུ་དང་།  འགྲན་བསྡུར་དེ་མི་དམངས་ཡོངས་ཞུགས་པ་དང་མང་ཚོགས་ཀྱི་ལུས་རྩལ་སྤུས་རྟགས་ཤིག་ཏུ་འགྱུར་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཀྲུང་གོའི་དཀར་མཛེས་གངས་དཀར་རི་བོ་སྐོར་བའི་རྒྱལ་སྤྱིའི་ཁང་ཕྱིའི་རི་ཀླུང་ལུས་རྩལ་འགྲན་སློང་འགྲན་བསྡུར་བྱེད་སྒོ་གཙོ་གཉེར་བྱེད་མཁན་གྱིས་ལོ་གསུམ་གྱི་དུས་ཚོད་ནང་དུ་སྤེལ་བའི་བྱེད་སྒོ་ཞིག་ཡིན་ལ།  ས་བབ་ཆེས་མཐོ་ཤོས་དང་ལམ་ཐིག་རྙོག་འཛིང་ཆེ་ཤོས།  དཀའ་ཚད་ཆེ་ཤོས་བཅས་ཡིན་པའི་བྱེད་སྒོ་ཞིག་ཀྱང་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་ཀའི་བཞུགས་མོལ་ཚོགས་འདུ་ཞི་ཁྲང་དུ་འཚོགས།
  • ལེ་ཚན་རྗེས་མ།:​སི་ཁྲོན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་ལ་ཚད་རིམ7.0གྱི་ས་འགུལ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།