ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་ཀའི་བཞུགས་མོལ་ཚོགས་འདུ་ཞི་ཁྲང་དུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-08-08

ཉེ་ཆར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ལིའང་ཧྲན་ཁུལ་དང་དཀར་མཛེས་ཁུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་རྗེས་ཞི་ཁྲང་དུ་གཙོ་འགན་བཞེས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལིའང་ཧྲན་ཁུལ་བཅས་ཀྱི་ཏང་ཨུའི་འགན་ཁུར་གཙོ་བོས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་སྔ་ཕྱིར་བསམ་ཚུལ་ཞུས་པ་རེད། ཝང་ཏུང་མིང་གིས་གསན་འཇོག་གནང་རྗེས་ཉེ་བའི་ལོ་འགའ་ལ་རང་རེའི་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱིས་སྐྱེ་ཁམས་སྔོན་སྐྱོང་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་ཏན་ཏིག་གིས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཕྱོགས་གང་ཅིའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཝང་ཏུང་མིང་གིས་ནན་གསུང་གནང་དོན། རང་རེའི་ཞིང་ཆེན་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོ་ཞིང་ཆུ་དྭངས་བ་ནི་གསེར་རི་དངུལ་རི་ཡིན། ཐུན་མོང་དུ་སྲུང་སྐྱོང་ཆེན་པོ་བྱེད་ཅིང་གསར་སྦོལ་ཆེན་པོ་མི་བྱེད་པ་སོགས་ཀྱི་བསམ་བློ་གལ་ཆེན་ལག་བསྟར་བྱས་པའི་བྱ་སྤྱོད་དངོས་ཡིན་ལ། མི་རིགས་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ་སྲ་ཞིང་བརྟན་པོས་སྐྱེ་ཁམས་སྔོན་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་གལ་ཆེའི་གཞི་འཛིན་ཡས་ཡིན་ཞིང་། མི་རིགས་ཁག་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་དང་མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་འཆམ་མཐུན་བརྟན་བརླིང་། ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་ཡིན་པས། འཐབ་ཇུས་དོན་སྙིང་གལ་ཆེན་ཡོད།

ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་ཁྱད་པར་དུ་མི་རིགས་ས་ཁུལ་གྱིས་སྔར་ལྷག་གིས་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་ཀ་ཁག་ཡག་མོ་འཛིན་དགོས་པའི་དོན་སྙིང་གལ་ཆེར་ངོས་འཛིན་ཇེ་ཟབ་ཏུ་གཏོང་ཞིང་། སྔར་ལྷག་གིས་ལས་ཀར་སྐུལ་འདེད་ཤུགས་ཆེ་རུ་བཏང་ནས་སི་ཁྲོན་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས།

ཝང་ཏུང་མིང་གིས་བསྟན་དོན། འཆར་འགོད་ཀྱི་ཁྲིད་སྟོན་བྱེད་པར་རྒྱུན་འཁྱོངས་དང་འགོ་འཛུགས་ས་མཐོན་པོར་བྱས་ཏེ་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས།  སྐྱེ་ཁམས་སྲུང་སྐྱོང་དེ་ལས་ཀ་དང་པོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཐའ་གཅིག་ཏུ་མི་རིགས་ས་ཁུལ་གྱི་རི་སྔོ་ཞིང་ཆུ་དྭངས་བ་དང་གནམ་སྔོ་ཞིང་ས་གཙང་མ་དེ་སྲུང་སྐྱོང་བྱ་དགོས། མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ས་ཁོངས་ཡོངས་སུ་ཡུལ་སྐོར་ཐོན་ལས་མཐུན་སྦྱོར་མཉམ་འགུལ་གྱི་མ་ལག་གསར་པ་ཆགས་པ་བྱ་དགོས། ཡུལ་སྐོར་དམངས་ཕན་དམངས་ཕྱུག་རྒྱུན་འཁྱོངས་བྱས་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་ཞིང་འཚོ་བ་སྐྱིད་པོ་རོལ་དུ་འཇུག་དགོས།

ཝང་ཏུང་མིང་གིས་ནན་གསུང་གནང་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་མི་རིགས་ས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་ལས་གཞི་ཞིབ་ཚགས་ཤིག་ཡིན་ལ་ངེས་པར་དུ་འགན་འཁྲི་ཁུར་ཕོད་པ་བྱས་ནས་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་བར་ལེགས་འཛིན་ཏན་ཏིག་བྱ་དགོས།

ཚོགས་ཐོག་ཝང་ཏུང་མིང་གིས་སྔར་ལྷག་གིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་དངོས་འཛིན་ཞིབ་འཛིན་བྱ་རྒྱུའི་ཐད་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ནང་དུ་མཐོང་དཀོན་པའི་དུས་རབས17པའི་ཐང་གའི“ཚད་ལྡན་བསླབ་གཞི”བསྐྱར་དུ་སྒྲིག་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:གངས་དཀར་རི་བོ་སྐོར་བའི་རི་ཀླུང་ཁང་ཕྱིའི་ལུས་རྩལ་འགྲན་སློང་འགྲན་བསྡུར་ཟླ་བ༨པར་འགོ་ཚུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།