པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ།

        2017-07-28

པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ།

 ཟླ7ཚེས18ཉིན་ནས་ཚེས24ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་ཞིང་ཆེན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ་མ་ཟད་ཆོས་ལུགས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད།
 ཉིན་ཤས་རིང་ལ། པཎ་ཆེན་མཆོག་སྔ་གཞུག་ཏུ་སྐྱེ་རྒུ་དོན་འགྲུབ་གླིང་དང་། དགོན་གསར་དགོན་པ། སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་པོ། ཚཱ་ཁ་སོགས་སུ་ཕེབས་ཏེ་དགོན་སྡེར་མཆོད་མཇལ་ཞུས་པ་དང་། སྨོན་ལམ་ཆེན་པོ་འཚོགས་པ། ཆོས་གསུངས་སྦྱིན་གཏོང་སོགས་གནང་བ་མ་ཟད། སེར་སྐྱ་དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་དང་རྟོག་ཞིབ་གནང་བ་དང་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚོ་དང་བཞུགས་མོལ་ཡང་གནང་བ་རེད། ཁོང་ཉིད་ས་ཆ་རེ་ལ་ཕེབས་རེ་བཞིན་དུ་ས་གནས་དེ་གའི་དགོན་སྡེ་དང་སེར་སྐྱ་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་གུས་སྲོལ་མཛད་སྒོ་དང་མི་རིགས་ཡུལ་སྲོལ་གཟབ་རྒྱས་སྤེལ་ནས་བསུ་བ་ཞུས་པ་རེད།
 མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་བཞུགས་མོལ་གནང་དུས། པཎ་ཆེན་མཆོག་གིས་ཁོང་ཚོའི་གསུང་བཤད་ལ་ནན་ཏན་གསན་རྗེས། མཚོ་སྔོན་གྱི་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་མི་སྣ་ཚོས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གནང་བར་བཞག་པའི་བྱས་རྗེས་ལ་བསྟོད་བསྔགས་གནང་བ་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་བླ་ཆེན་ཚོས་རང་དཔེ་གཞན་སྟོན་གྱི་ངང་ནས་རྒྱ་ཆེའི་གྲྭ་བཙུན་ལ་སློབ་གསོ་བློ་འགུག་དང་བག་ཆགས་བཞག་སྟེ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་གནང་བརེད།
 མཚོ་སྔོན་དུ་བཞུགས་རིང་ཁོང་ཉིད་ད་དུང་ཡུལ་ཤུལ་གྲོང་ཁྱེར་དང་། ན་གོར་མོ་གྲོང་ཁྱེར་གྱི་མུའུ་ཧྲེང་ཀྲུང་དམག་དཔོན་ཆེན་པོའི་དྲན་གསོ་ཁང་། འབྲི་ཆུ་བྱུང་ཡུལ་གྲོང་ཚོ་སོགས་སུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་ཕྱག་ལས་གནང་བར་ཕེབས་པ་རེད།།

0


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བདུན་པར་ཞུགས།
  • ལེ་ཚན་རྗེས་མ།:ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རྩ་ཆེན་འགྲེམས་སྟོན་པེ་ཅིང་དུ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།