17ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་21ཉིན་འགོ་ཚུགས་རྒྱུ་ཡིན་པ།

        2017-07-26

    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཞོ་སྟོན་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་གཞིར་བཟུང་2017ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་འཚོག་རྒྱུ་ཡིན་པ་རེད།
    ལྷ་ས་གྲོང་ཁྱེར་ཞོ་སྟོན་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་འདི་ལོའི་ཞོ་སྟོན་རིང་་སྲིད་གཞུང་གི་གཙོ་གཉེར་རྣམ་གྲངས་དང་། སྲིད་གཞུང་གིས་ཁེ་ལས་ཞུགས་རྒྱུར་གཙོ་ཁྲིདབྱེད་པའི་རྣམ་གྲངས། ཁེ་ལས་ཀྱི་ཁྲོམ་ར་ཅན་གྱི་འཁོར་རྒྱུག་རྣམ་གྲངས་བཅས་རིགས་ཆེན་པོ་གསུམ་གྱི་བྱེད་སྒོའི་རྣམ་གྲངས་ཁག་10བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། དེའི་ནང་འགོ་ཚུགས་མཛད་སྒོ་དང་། གོས་སྐུ་འགྲེམས་སྟོན། ཕུལ་བྱུང་གི་ལྷ་མོའི་འཁྲབ་སྟོན། ལྷོ་ནུབ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་6གི་པར་རྒྱག་འགྲེམས་སྟོན། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ཀྱི་གཅིག་སྡུད་མིང་འགོད་མཛད་སྒོ སྐབས་བཅུ་གཅིག་པའི་ལྷ་ས་ནས་གནམ་མཚོ་བར་གྱི་རྐང་ཐང་འདུ་ཚོགས། སྤུས་ལེགས་ཚོང་ཟོག་ཉོ་ཚོང་འདུ་ཚོགས། དགའ་སྐྱིད་ལྡན་པའི་ཞོ་སྟོན་ཏེ་ཞོ·སྦི་རག·ཞིམ་ཟས·རོལ་དབྱངས་གཟའ་འཁོར་བཅས་དང“དྲ་ཐོག་ཞོ་སྟོན”གྱི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་མཚམས་སྦྱོར་བཅས་ཚུད་ཡོད་པས། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་དུས་ཡུན་གཟའ་འཁོར་གཅིག་རིང་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་དང་ཞིམ་ཟས་ཀྱི་དགྱེས་སྟོན་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་ཆོག

  • ལེ་ཚན་སྔོན་མ།:ཀྲུང་གོའི་གཞོན་ནུ་བཟང་པོ་ཞེས་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་བོད་ལྗོངས་ཀྱི་ཕུལ་བྱུང་གཞོན་ནུ་བཅུ་ལ་མཚན་སྙན་འདི་ཉིད་ཐོབ་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།