2017-07-26
མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན་གྱི་སྔ་དྲོར། "ཀྲུང་གོའི་གཞོན་ནུ་བཟང་པོ"བརྒྱ་འཚོལ་འདེམས་སྤྱི་ཕན་བྱེད་སྒོ་ཆེན་པོའི་བོད་ལྗོངས་འགྲན་ཁུལ་གྱི་ཕུལ་བྱུང་གཞོན་ནུ་བཅུ་རེ་ཞུ་མི་སྣ་མང་པོའི་ཁྲོད་ནས་ཀུན་ལས་ཁྱད་དུ་འཕགས་པས། "ཀྲུང་གོའི་གཞོན་ནུ་བཟང་པོ"ལ་བདམས་ཐོན་བྱུང་བ་རེད། དེ་ནས་ཨ་ལི་པཱ་པཱ་ཡི་ཉིན་ལྟར་དྲང་ནུས་ཞེས་པ་ཡིས་དངུལ་ཁང་བརྒྱུད་དེ་ཐད་ཀར་དངུལ་གཏོང་ཐབས་ཐོག་ནས་བྱ་དགའ་དངུལ་སྒོར་5000རེ"ཀྲུང་གོའི་གཞོན་ནུ་བཟང་པོ"ཞེས་པའི་མཚན་སྙན་ཐོབ་མཁན་ལ་འགྲེམས་གཏོང་བྱ་རྒྱུ་ཡིན་ལ། དུས་མཚུངས་སུ"ཀྲུང་གོའི་གཞོན་ནུ་བཟང་པོ"ཞེས་པའི་མཚན་སྙན་ཐོབ་མཁན་ཚང་མར་སྦྲག་སྲིད་ནས་བྱ་དགའ་ཐོབ་པའི་དཔང་ཡིག་ཀྱང་བསྐུར་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཀྱི"ཀྲུང་གོའི་གཞོན་ནུ་བཟང་པོ"ཞེས་པའི་བྱ་དགའ་ཐོབ་པའི་མིང་ཐོ་གཤམ་གསལ།
གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་བཀྲ་ཤིས་དོན་གྲུབ་དང་།
རྩྭ་རིང་གྲོང་རྡལ་སྒོ་བཙུགས་སློབ་ཆུང་གི་བསྟན་ལྷ་མོ།
མཚོ་གཉིས་རྫོང་ཆ་ཚང་སློབ་ཆུང་གི་སངས་རྒྱས་བདེ་ཆེན།
སྦྲ་ཆེན་རྫོང་སློབ་འབྲིང་གི་སྐལ་གཡང་སྐྱིད།
གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གི་རེ་བའི་སློབ་ཆུང་གི་ཚེ་བརྟན་གཡང་ལྷ།
མཚོ་ཆེན་རྫོང་སློབ་འབྲིང་གི་ཀརྨ་ཀུན་བཟང་སྒྲོལ་མ།
དཀྱིལ་གྲོང་ཤང་སློབ་ཆུང་གི་ཀརྨ་ཉི་དོན།
ལྷ་ས་སློབ་འབྲིང་གི་སྦྱིན་པ་ངག་དབང་།
ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པའི་བསྟན་འཛིན་བློ་བཟང་།
འཇོ་མདའ་རྫོང་གི་དམའ་རིམ་སློབ་འབྲིང་དང་པོའི་བྱང་ཆུབ་ཁྱུང་མཚོ།
གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག "ཀྲུང་གོའི་གཞོན་ནུ་བཟང་པོ"བརྒྱ་འཚོལ་འདེམས་སྤྱི་ཕན་བྱེད་སྒོ་ཆེན་པོ་བོད་ལྗོངས་འགྲན་ཁུལ་གྱིས་མཐའ་མའི་དཔྱད་འདེམས་ལེགས་འགྲུབ་བྱས་པ་དང་། བོད་རང་སྐྱོང་ལྗོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ལྷན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན། བོད་ལྗོངས་ཚོང་ལས་ཚགས་པར་བཅས་ཀྱི་འབྲེལ་ཡོད་མི་སྣ་ལས་གྲུབ་པའི་དཔྱད་འདེམས་ཚོགས་ཆུང་གིས་དྲང་སྙོམས་དང་། དྲང་བཞག མངོན་གསལ་བཅས་ཀྱི་རྩ་དོན་ལྟར་ལོ་6ནས་18བར་ཡིན་པ་དང་། སྤྲོ་སེམས་ལྡན་ཞིང་རང་འབད་ཆེ་ལ། རང་བརྟེན་སྙིང་རུས་ཆེན་པོ་ལྡན་པ། ཁྱིམ་ཚང་གི་འགན་འཁྲི་ཧུར་ལེན་བྱེད་པ་བཅས་ཡིན་པ་མ་ཟད། སློབ་སྦྱོང་ལ་བརྩོན་འགྲུས་ཆེ་ཞིང་། ལས་སྐལ་སྒྱུར་ཐབས་གང་ཐུབ་བྱེད་པ། སྤྱོད་པ་བཟང་ལ་ཡར་ཐོན་བྱམས་སེམས་ལྡན་པ། ཡ་རབས་ཚུལ་ལྡན་ཡིན་པ། དོ་སྣང་བྱེད་དགོས་ཤིང་རང་སྐྱོང་ལྗོངས་རིམ་པའམ་རྒྱལ་ཁབ་རིམ་པའི་མཚན་སྙན་དང་དེ་བཞིན་སྤྱི་ཚོགས་ཀྱི་རོགས་སྐྱོར་ཆེན་པོ་ཐོབ་མྱོང་མེད་པ་བཅས་ཀྱི་ཆ་རྐྱེན་འཛོམ་དགོས་པ་བཅས་ལ་གཞིགས་ཏེ་སྐར་མ་རྒྱག་པའི་ཐབས་ལམ་ནས་རེ་ཞུ་འབུལ་མཁན་མང་པོའི་ཁྲོད་ནས"ཀྲུང་གོའི་གཞོན་ནུ་བཟང་པོ"བཅུ་བདམས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10