སྐབས་དྲུག་པའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་གྱི་བྱེད་སྒོ་དེ་ཟླ་དྲུག་པར་ཁྲེན་ཏུའུ་ནས་སྤེལ་རྒྱུ་རེད།

གངས་ལྗོངས་ཉི་གཞོན།        2017-05-26

   2017ལོར་རིག་གནས་དང་རང་བྱུང་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱེད་པའི་ཉིན་མོའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་བྱེད་སྒོ་དང་སྐབས་དྲུག་པའི་ཀྲུང་གོའི་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་དེ་ཟླ6པའི་ཚེས10ཉིན་ནས་ཚེས18ཉིན་གྱི་བར་དུ་ཁྲེན་ཏུའུ་ནས་སྤེལ་རྒྱུ་རེད། གསར་འགོད་པས་ཟླ5བའི་ཚེས23ཉིན་པེ་ཅིང་ནས་སྤེལ་བའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་ཐོག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། སྔོན་དཔག་བྱས་ན་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས100ལྷག་དང་། རྒྱལ་སྤྱིའི་འཐུས་ཚབ་མི་སྣ500ལྷག་བྱེད་སྒོའི་ཁྲོད་ཞུགས་རྒྱུ་ཡིན་པ་དང་། རྒྱལ་ནང་དུ་མི2600ལྷག་ཞུགས་རྒྱུ་རེད། དེ་མིན་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས1100ལྷག་འགྲེམ་སྟོན་བྱ་རྒྱུ་རེད། 
   སྐབས་འདིའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་གྱིས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ་ལག་ལེན་གྱི་བརྗོད་བྱ་གཙོ་བོ་བྱས་ནས་འགོ་ཚུགས་བྱེད་སྒོ་དང་། རྒྱལ་སྤྱིའི་གྲོས་ཚོགས།  རྒྱལ་སྤྱིའི་གླེང་སྟེགས།  གཟུགས་མེད་ཤུལ་བཞག་རིག་གནས་བརྒྱུད་བསྒྲགས་དང་ཁྱབ་བརྡལ་གཏོང་བ་སོགས་བརྗོད་བྱ་གཙོ་བོའི་བྱེད་སྒོ་བདུན་སྤེལ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཀྱི་སྐབས་དྲུག་པའི་ཀྲུང་གོའི་ཁྲེན་ཏུའུ་ཡི་རྒྱལ་སྤྱིའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་གྱི་རྒྱལ་སྤྱིའི་གླེངས་སྟེགས་དེ་ཟླ6པའི་ཚེས10ཉིན་སྤེལ་རྒྱུ་ཡིན་ལ། བྱེད་སྒོ་འདིར་གཟུགས་མེད་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཆིངས་ཀྱི་འདུ་ཤེས།རྩ་དོན་དང་ལག་ལེན་བྱེད་པའི་བརྗོད་བྱ་གཙོ་བོར་དམིགས་ནས། རིག་གནས་སྡེ་ཁག་གིས་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་བཅས་ཀྱི་གཏམ་བཤད་གནང་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་གིས་དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་བྱ་བའི་ཚན་ཆུང་གི་ཚོགས་འདུ་དེ་ཟླ6པའི་ཚེས11ཉིན་ནས12ཉིན་གྱི་བར་སྤེལ་རྒྱུ་རེད།
    སྐབས་འདིའི་ཤུལ་བཞག་རིག་གནས་དུས་ཆེན་གྱིས་ད་དུང་ཁྲེན་ཏུའུ་ཁྱབ་ཁོངས་ཀྱི་ཀྲུང་གོའི་སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་འཁྲབ་སྟོན་སྡོད་ཁུལ་དུ་བསྐྱོད་པ་དང་བརྗོད་དོན་ཡན་ལག་བྱེད་སྒོ་སྤེལ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:འཐུས་མི་ཚོགས་པས་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཏེན་ལ་འཚམས་འདྲི་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།