འཐུས་མི་ཚོགས་པས་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།

གངས་ལྗོངས་ཉི་གཞོན།        2017-05-26

    སྤྱི་ཟླ5པའི་ཚེས24ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་པས་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཝང་ཏུང་མིང་དང་དབྱི་ལི། ཏེང་ཞའོ་ཀང་བཅས་སོ་སོ་ལའང་ཧྲན་ཁུལ་དང་རྔ་བ་ཁུལ། དཀར་མཛེས་ཁུལ་གྱིས་བདམས་པའི་ཏང་གི་འཐུས་མིའི་ངོས་ནས་ཚོགས་པར་ཞུགས་ནས་གྲོས་ཞིབ་བྱས།
     ཝང་ཏུང་མིང་གིས་ལའང་ཧྲན་ཁུལ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་དབྱི་རིགས་འདུས་སྡོད་ཁུལ་ཡིན་པར་མ་ཟད། ལྷོ་རྒྱུད་དར་གོས་འཚོང་ལམ་གྱི་རྒྱུད་ལམ་ཡང་ཡིན། ཏང་ཀྲུང་དབྱང་དང་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལའང་ཧྲན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དབྱི་ཁུལ་གྱི་དམངས་ཚོགས་ལ་ཐུགས་ཁུར་ཆེན་པོ་བྱེད་པ་རེད། ཞིང་ཆེན་ཏང་ཨུས་ཀྱང་ལའང་ཧྲན་སོགས་མི་རིགས་ས་ཁུལ་གྱི་བྱ་བར་ཚད་མཐོན་པའི་མཐོང་ཆེན་བྱེད་བཞིན་ཡོད། ལའང་ཧྲན་ཁུལ་གྱིས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ནན་ཏན་གྱིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས། སྔར་ཡོད་ཀྱི་གྲུབ་འབྲས་དང་ལྟའི་རྨང་གཞིའི་སྟེང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པ་རྒྱུན་འཁྱོངས་བྱ་དགོས་ཞེས་གསུངས། 
      དབྱི་ལི་ཡིས་བློ་མཐུན་ཝང་ཏུང་མིང་གིས་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཚབ་མཛད་དེ་སྙན་ཞུ་ལས་དར་ཆ་མཐོ་བསྒྲེང་དང་ཕྱོགས་ཡོངས་གཅིག་སྡུད། སྤོབས་སེམས་ཡར་བསྐྱེད། མ་འོངས་སྣེ་ཁྲིད་ཀྱི་ཁྱད་ཆོས་ལྡན་ལ། ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ལོ་ལྔའི་བྱ་བའི་བླང་བྱ་གལ་ཆེན་ཡིན་པ་རེད། ངས་དེ་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་བྱས་པ་ཡིན། མ་འོངས་པའི་ལོ་ལྔའི་ནང་། ང་ཚོས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་སི་ཁྲོན་གྱི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་དགོས། རྔ་བ་ཁུལ་གྱིས་མུ་མཐུད་དུ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀ་ཁག་ལེགས་པོར་བསྒྲུབས་ནས་མཛེས་ཤིང་དར་བའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།
ཏེང་ཞའོ་ཀང་གིས་བློ་མཐུན་ཝང་ཏུང་མིང་གིས་སྐབས་བཅུ་པའི་ཞིང་ཨུའི་འཐུས་ཚབ་གནང་པའི་ཡར་ཞུ་ལ་རྦད་དེ་མོས་མཐུན་དང་བརྩི་བཀུར་ཡོད་པ་དང་།  མ་འོངས་པའི་ལས་ཀའི་ཁྲོད།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པ་གནང་བའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་དང་བསམ་བློ།  འཐབ་ཇུས་གསར་པ་སོགས་རྒྱུན་འཁྱོངས་བྱ་དགོས་ལ།  དཀར་མཛེས་ཁུལ་གྱི་དམངས་འཚོ་འཕེལ་རྒྱས་བརྟན་བརླིང་འོས་འགན་ཤིན་ཏུ་ལྕི་བ་རེད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་གྱི་སྣེ་ཁྲིད་འོག་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། དབུལ་སེལ་འགག་སྒྲོལ། ཁ་བྲལ་དང་ངོ་རྒོལ་དང་བརྟན་བརླིང་ལ་འགན་སྲུང་བྱེད་པ་སོགས་ཀྱི་གཙོ་གནད་ལས་ཀ་དམ་འཛིན་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་་མཐུན་ཡོང་བར་སྣེ་ཁྲིད་དེ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས།།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཁྲེན་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:སྐབས་དྲུག་པའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་གྱི་བྱེད་སྒོ་དེ་ཟླ་དྲུག་པར་ཁྲེན་ཏུའུ་ནས་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།