ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་གྲ་སྒྲིག་གྲོས་ཚོགས་འཚོགས།

        2017-05-24

   ཝང་ཏུང་མིང་གིས་གཙོ་འགན་བཞེས་ཤིང་གསུང་བཤད་གནང་།

   ཟླ་བ5པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་ཁྲེང་ཏུའུ་རུ་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད། གྲོས་ཚོགས་ནང་ཞུགས་དགོས་པའི་འཐུས་མི་དང་དམིགས་བསལ་གདན་ཞུ་འཐུས་མི870ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི857ཡོད་པས། ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན། གྲོས་ཚོགས་ཐོག་འཐུས་མིའི་ཐོབ་ཐང་ཞིབ་དཔྱད་ཨུ་ལྷན་གྱི་གྲུབ་མིའི་གྲོས་འགོའི་མིང་ཐོ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲུབ་མིའི་གྲོས་གཞིའི་མིང་ཐོ། ཚོགས་ཆེན་གྱི་དྲུང་ཡིག་ཚུའུ་ཡི་ལས་ཁུངས་འཛུགས་པ་དང་ལས་ཀའི་ལས་འགན(འཆར་ཟིན)། དྲུང་ཡིག་ཆེན་མོ་བའི་གྲོས་གཞིའི་མིང་ཐོ། ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)བཅས་ལ་གྲོས་འཆམས་བྱུང་ཞིང་། གྲོས་ཚོགས་དེ་བློ་མཐུན་ཝང་ཏུང་མིང་གིས་གཙོ་འགན་བཞེས་པ་རེད།

   ཝང་ཏུང་མིང་གིས་ཚོགས་ཐོག་ནན་གསུང་གནང་དོན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དེ་རྒྱལ་ཁ་ཕུ་ཐག་ཆོད་པོའི་དུས་རིམ་ལ་སླེབས་ཤིང་། འབད་བརྩོན་ཆེན་པོས་རང་རེའི་ཞིང་ཆེན་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་འཐབ་ལམ་གསར་པ་གཏོད་པའི་གནད་འགག་གི་དུས་སུ་འཚོག་པའི་གྲོས་ཚོགས་ཤིག་ཡིན་པས། རང་རེའི་ཞིང་ཆེན་གྱི་དོན་ཆེན་ཞིག་ཡིན། འཐུས་མི་རྣམ་པ་ཚོས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་ནན་ཏན་གྱིས་རང་འགན་གཙང་སྒྲུབ་དང་སྒྲིག་ལམ་ནན་སྲུང་བྱས་ཏེ་ཚོགས་འདུ་ཡག་མོ་འཚོག་པ་དང་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ལས་ཀའི་སྙན་སེང་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ལས་ཀའི་སྙན་ཞུར་གསན་འཇོག་དང་གྲོས་ཞིབ་བྱ་དགོས་པ་དང་། སླད་ཕྱིན་དུས་སྐབས་ཤིག་གི་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྱོང་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་ཟབ་མོ་བྱ་དགོས།

     ཡང་དག་པས་ཏང་དང་མི་དམངས་ཀྱིས་གནང་བའི་དམངས་གཙོའི་ཁེ་དབང་དང་འོས་འགན་བསྒྲུབས་ཏེ་སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་ལེགས་འདེམས་བྱ་དགོས་པ་དང་། རང་རེའི་ཞིང་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ནང་ཞུགས་མཁན་འཐུས་མི་ཡག་མོ་གདམ་དགོས། ཚང་མས་ཐུན་མོང་དུ་འབད་བརྩོན་བྱས་ནས་ཐེངས་འདིའི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་སྲོག་ཤིང་སྲུང་སྐྱོང་། དམངས་གཙོ་མཐུན་སྒྲིལ། སྲོལ་བཟང་སྤྱོད་དྲང་། སེམས་ཤུགས་གཅིག་སྒྲིམ། དཔའ་པར་ཆེར་སྐྱེད་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་པར་བྱ་དགོས།།

 

  • ལེ་ཚན་སྔོན་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲ་སྒྲིག་གྲོས་ཚོགས་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།