2017-05-24
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།
(2017ལོའི་ཟླ་བ5པའི་ཚེས21ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམས་བྱུང་ཡོད།)
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ2017ལོའི་ཟླ་བ5པའི་ཚེས20ཉིན་ནས21ཉིན་བར་ཁྲེང་ཏུའུ་རུ་འཚོགས་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན་ཞིང་ཆེན་ཨུ་ཡོན73དང་ཞིང་ཆེན་ཨུ་ཡོན་གྱི་བདམ་བྱའི་འོས་མི15ཡོད་པ་དང་། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཐད་ཀྱི་འགན་ཁུར་བྱེད་མཁན་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུས་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པར་སྙན་སེང་ཞུ་བར་གྲོས་བསྡུར་བྱས་ནས་གྲོས་འཆམས་བྱུང་ཞིང་། སྙན་སེང་དེ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པར་གྲོས་ཞིབ་འབུལ་རྒྱུ་ཐག་བཅད་པ་དང་། སྐབས་བཅུ་པའི་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པར་སྙན་སེང་ཞུ་བར་གྲོས་བསྡུར་ཏེ་ནས་གྲོས་འཆམས་བྱུང་ནས་སྙན་སེང་དེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པར་གྲོས་ཞིབ་འབུལ་རྒྱུ་ཐག་བཅད་པ་རེད།
སི་ཁྲོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་ཞུགས་མཁན་འཐུས་མིའི་བདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མིའི་མིང་ཐོ་གཏན་འཁེལ་བཟོས་པ་དང་། སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་ཨུ་ཡོན་གྱི་བདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མི། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་བདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མི་ནང་མོས་བྱས་ཤིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པར་འབུལ་རྒྱུའི་འབྲེལ་ཡོད་དོན་དག་ལ་གྲོས་འཆམས་བྱུང་བ།
ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ་2017ལོའི་ཟླ་བ5པའི་ཚེས24ཉིན་ནས་ཚེས27ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུ་ཐག་བཅད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། འཚོག་གྲབས་ཡོད་པའི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དེ་རྒྱལ་ཁ་ཕུ་ཐག་ཆོད་པོའི་དུས་རིམ་ལ་སླེབས་ཤིང་འབད་བརྩོན་ཆེན་པོས་རང་རེའི་ཞིང་ཆེན་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་པ་གཏོད་པའི་གནད་འགག་གི་དུས་སྐབས་སུ་འཚོག་པའི་གལ་ཆེན་པོའི་གྲོས་ཚོགས་ཤིག་ཡིན་པ་རེད། ཚོགས་ཆེན་གྱིས་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་ལས་ཀར་ཕྱོགས་བསྡོམས་བྱས་ནས་ཚན་རིག་དང་མཐུན་པའི་སི་ཁྲོན་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཇུས་འགོད་བྱས་ནས་སྔར་ལྷག་གིས་ཞིང་ཆེན་གྱི་གོང་འོག་ཚང་མ་མཐུན་སྒྲིལ་བྱས་ནས་མཛེས་སྡུག་དང་དར་རྒྱས། འཆམ་མཐུན་བཅས་ཀྱི་སི་ཁྲོན་འཛུགས་སྐྲུན་སྐུལ་སློང་བྱ་རྒྱུ་དང་ཁྲོན་སྐྱོང་ཁྲོན་དར་ཡང་དུ་སྐས་རིམ་གསར་པ་ཞིག་ཐོག་སླེབས་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེའང་གཏིང་ཟབ་པོ་ལྡན་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། དེང་སྐབས་ཀྱི་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་བསམ་པ་ཁྱེར་ནས་སི་ཁྲོན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་པ་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་བྱས་ནས་དམ་པ་དོན་གཉེར་དང་འགག་སྒྲོལ་དཀའ་སེལ་བྱེད་ཅིང་། ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཡོངས་ཀྱི་ཇུས་བཀོད་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་ཞིང་། ཁྲོན་སྐྱོང་ཁྲོན་དར་གྱི་བྱ་གཞག་ཁག་ལ་གལ་ཆེ་བའི་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏང་དགོས། ལོ་ལྔའི་འབད་བརྩོན་མདུན་སྐྱོད་ཀྱིས་སི་ཁྲོན་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་དཀའ་ངལ་དང་འགྱུར་ལྡོག བརྟན་བརླིང་དང་མདུན་སྐྱོད། བཅོས་སྐྱོང་དང་དར་རྒྱས་བཅས་ཀྱི་དཔང་པོ་བྱས་ཡོད་ལ་ཁྲོན་སྐྱོང་ཁྲོན་དར་གྱི་ལག་ལེན་དངོས་ཀྱི་གྲུབ་འབྲས་དང་བསམ་པའི་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་ལ་ཞིང་ཆེན་ཏང་ཨུས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་དངོས་སུ་ཁྲིད་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འདུ་ཤེས་བཞི་དེ་བས་སྲ་བརྟན་དུ་བཅངས་པ་དང་། རང་ལ་ཡིད་ཆེས་བཞི་དེ་བས་སྲ་བརྟན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོ་དང་བྱེད་ཕྱོགས། ཇུས་ཆོད་དང་བཀོད་སྒྲིག་དེ་སི་ཁྲོན་ལ་དེ་བས་ཞིབ་ཚགས་བཟོ་རྒྱུར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེན་པོ་རབ་དང་རིམ་པར་ཐག་གཅོད་བྱས་ནས་ཁྲོན་སྐྱོང་ཁྲོན་དར་གྱི་སྤྱིའི་ལས་ཀ་བཀོད་སྒྲིག་གྲུབ་པ་རེད།
ཕྱིན་ཆད་ཀྱི་ལོ་འགའི་ནང་སི་ཁྲོན་ལ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་ས་རྒྱུད་འཕེལ་རྒྱས་གཏོང་བ། ནུབ་རྒྱུད་གསར་སྦོལ་ཆེན་པོ་བྱེད་པ་སོགས་གལ་ཆེན་གྱི་གོ་སྐབས་རབ་དང་རིམ་པ་དང་འཕྲོད་པས། ཐོན་ལས་ཆགས་ཚུལ་སྒྱུར་བ་དང་རིམ་པ་སྤར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང། སྒོ་ཀུན་ནས་གསར་གཏོད་བཅོས་བསྒྱུར་ཟབ་ཏུ་སྤེལ་བ། གལ་ཆེན་གྱི་རྨང་གཞི་སྒྲིག་ཆས་ཚན་པ་ཁག་ཅིག་འཛུགས་སྐྲུན་བྱས་ཏེ་ཐོན་འགོ་ཚུགས་པ་སོགས་ཀྱི་འཕེལ་རྒྱས་གཏོང་བའི་འགུལ་ནུས་འདོན་སྤེལ་གཏོང་བའི་དུས་སྐབས་སུ་སླེབས་པ་དང་། དུས་མཉམ་དུ་གནད་དོན་ཐད་ཀྱི་མི་འདང་སར་དམིགས་ཏེ་གཅིག་གྱུར་གྱིས་འགག་སྒྲོལ་བྱ་དགོས་པ་དང། འགྲན་སློང་ལ་ཁ་གཏད་བྱེད་དུས་འཕེལ་རྒྱས་གཏོང་བའི་དགེ་མཚན་གསོ་སྐྱོང་དང་འཕར་སྣོན་ཡོང་བའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། བརྟན་བརླིང་ནང་ཡར་ཐོན་ཡོང་བའི་ལས་ཀའི་བརྗོད་གཞི་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ་དངོས་སྒྲུབ་དངོས་འཛིན་གྱི་དངོས་དོན་གཉེར་བའི་ཀུན་སྤྱོད་ཀྱིས་དེང་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས། བརྟན་བརླིང་ནི་བརྗོད་གཞི་གཙོ་བོ་ཡིན་ལ་སྤྱི་ཡོངས་ཀྱང་ཡིན་པས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོར་བརྟན་སྲུང་བྱ་དགོས་པ་དང་། སྒོ་ཀུན་ནས“ལས་གཞི་ལོའི”འཆར་འགོད་ཁག་དོན་ཐོག་ཏུ་འཁྱོལ་པར་སྐུལ་འདེད་གཏང་དགོས། ཧུར་ཐག་དང་བརྟན་བརླིང་ངང་མི་གཙོ་བོར་འཛིན་པའི་རྣམ་པ་གསར་པའི་གྲོང་རྡལ་ཅན་དུ་བསྐྲུན་པར་སྐུལ་འདེད་གཏང་དགོས། ཤུགས་ཆེན་པོས་དར་སོ་ཆེ་བའི་འཛད་སྤྱོད་གསར་པ་གསོ་སྐྱོང་བྱ་དགོས་པ། ཤུགས་ཆེན་པོས་མ་འཇོག་དང་འཛད་སྤྱོད། ཕྱིར་གཏོང་བཅས་ཀྱི་“ཤིང་རྟ་འཁོར་ལོ་གསུམ”དང་ཞིང་ལས་དང་བཟོ་ལས། འགྲོ་རྒྱུག་ཞབས་ཞུ་བཅས“ཐོན་ལས་གསུམ”བརྟན་བརླིང་བྱ་དགོས། ནོར་སྲིད་དང་། ཁྲལ་འབབ། དངུལ་རྩ་སོགས་གལ་ཆེན་གྱི་འགན་སྲུང་བརྟན་བརླིང་བྱས་ཏེ་དཔལ་འབྱོར་དེ་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་གྱི་ཁོངས་སུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏང་དགོས་པ་རེད། སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡིན་པའི་རྣམ་པ་བཟང་པོར་སྲུང་འཛིན་བྱ་དགོས་པ་དང་། “བཅའ་ཁྲིམས་ཕྱོགས་བདུན་ལ་སྤེལ་བ”དང་གཞི་རིམ་གྱི་ཁྲིམས་སྐྱོང་དཔེ་སྟོན་སྡེ་ཚན་གསར་སྐྲུན་བྱེད་པར་སྐུལ་འདེད་ཟབ་མོ་བྱ་དགོས། རྒྱུན་མཐུད་ངང་བོད་ཁུལ་གྱི་ཁྲིམས་ལྟར་བཅོས་སྐྱོང་དང་དབྱིས་ཁུལ་གྱི་དུག་འགོག་སྔོན་འགོག་གི་ལས་ཀར་ཡག་པོ་བཟུང་ནས་བློ་བརྟན་འགྱུར་མེད་ཀྱིས་མ་མཐའི་ཚད་གཞི་བསྲུང་དགོས། གོང་བུ་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པ་དང་ལས་ལམ་གསར་འབྱེད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་བའི་བྱ་གཞག་འཕེལ་རྒྱས་བཏང་སྟེ་ཐོབ་པའི་མངོན་གསལ་དོད་པོའི་གྲུབ་འབྲས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་སྔར་ལས་ལྷག་པར་སྙིང་སྟོབས་གོང་དུ་སྤེལ་བ་དང་དྲང་ནུས་གོང་བུ་གཅིག་ཏུ་འགྲིལ་དགོས། ཡར་ཐོན་ཡོང་བ་ནི་དམིགས་ཡུལ་ཡིན་ལ་བླངས་ཕྱོགས་ཀྱང་ཡིན་པས། བརྟན་བརླིང་གི་སྔོན་འགྲོའི་ཆ་རྐྱེན་འོག་གཙོ་གནད་ཀྱི་ལས་ཀ་ཁག་རྒྱུན་ཆད་མེད་པར་ཡར་ཐོན་གསར་པ་ཡོང་བར་སྐུལ་འདེད་གཏང་དགོས། ནན་ཏན་གྱིས་ཐོན་ནུས་ལྷག་མ་དང་མཛོད་ཉར། རྒྱུ་དངུལ་བུན་ཆད་བཅས་གསུམ་མེད་པར་བཟོ་བ་དང་མ་གནས་ཆག་པ་གཅིག་དང་མི་འདང་སར་ཁ་གསབ་གཅིག་བྱ་རྒྱུའི་ལས་འགན་ཆེན་པོ་ལྔ་དོན་འཁྱོལ་བྱ་དགོས། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་སྐུལ་འདེད་ཟབ་སྤེལ་བྱ་དགོས། ཏན་ཏིག་གིས་གཙོ་གནད་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། སྒོ་ཀུན་ནས་གསར་སྐྲུན་དང་བཅོས་བསྒྱུར་བྱེད་པ་དེ་མངོན་གསལ་དོད་པོས་ཡག་པོ་འཛིན་དགོས། ནུས་ཤུགས་ཡོད་ཚད་བཏོན་ནས་དབུལ་སྐྱོར་འགག་སྒྲོལ་ལས་ཀར་སྐུལ་འདེད་གཏང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དམིགས་སུ་བཀར་ནས་སྔོ་ལྗང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། གཡོ་འགུལ་མེད་པར་སྒོ་ཀུན་ནས་ཏང་ནན་སྐྱོང་བྱེད་པ་དེ་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་དགོས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོག་པ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་ཞིང་། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་འགན་སེམས་ཆེན་པོ་ཡི་ཐོག་ནས་ནན་ཏན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་འཚོག་པའི་གྲ་སྒྲིག་ལས་ཀ་ཁག་ཡག་པོ་བསྒྲུབས་ཏེ་དར་ཆ་མཐོན་པོར་སྒྲེང་པ་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཚོགས་ཆེན་དང་། དམངས་གཙོ་མཐུན་སྒྲིལ་དང་སྤྱོད་གཙང་དང་སྲོལ་བཟང་གི་ཚོགས་ཆེན། སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་དང་དཔའ་ངར་ཆེ་སྐྱེད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཚོགས་ཆེན་ཞིག་འཚོག་པར་འགན་སྲུང་བྱ་དགོས། དར་ཆ་གསལ་པོའི་སྒོས་ཆབ་སྲིད་བཤད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཡོང་བར་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་སྲུང་སྐྱོང་བྱ་དགོས། སྤྱི་ཡོངས་ལ་དམིགས་ཏེ་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱ་དགོས། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ལས་སྒྲུབ་སྙན་སེང་གི་མ་ཟིན་དང་། ཞིང་ཆེན་སྒྲིག་ཁྲིམས་ཤེབ་བཤེར་ཨུ་ལྷན་གྱི་ལས་སྒྲུབ་སྙན་སེང་གི་མ་ཟིན་ལ་གྲོས་བསྡུར་བྱས་ཏེ་གྲོས་ཞིབ་བྱ་དགོས། བློ་བསྡུས་དགེ་འཚོལ་དང་ཕྱར་བ་གྲུ་འདེགས་བྱས་ཏེ་ཐུན་མོང་དུ་སི་ཁྲོན་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ཇུས་འགོད་ཡག་པོ་བྱ་དགོས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་གི་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག འབད་བརྩོན་ལྷོད་མེད་དང་དངོས་སྒྲུབ་དངོས་འཛིན་བྱས་ཏེ་སི་ཁྲོན་གྱི་ལས་ཀ་དེ་དེ་བས་ཡག་པོ་སྒྲུབ་གང་ཐུབ་བྱ་དགོས་ཤིང་། བྱས་རྗེས་ཕུལ་བྱུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་ཨུའི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོག་པར་བསུ་མ་ཞུ་དགོས་པའི་འབོད་སྐུལ་བཏང་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10