ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

བཀྲ་ཤིས་འབུམ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2017-05-19

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་བདག་གཉེར་ལ་འབྲེལ་བ་ཡོད་པའི་ཞབས་ཕྱིའི་གྲོན་དངུལ་བསྡུ་ཚད་ཇེ་ཉུང་དུ་གཏོང་བ་དང་དངོས་སྐྱེལ་བཀོལ་ནུས་མ་རྩ་ཇེ་དམའ་རུ་བཏང་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་གཏན་འཁེལ་བྱས་པ་དང་། ཚོད་ལྟའི་དཔེ་སྟོན་ལ་བརྟེན་ནས་ཉིས་སྟོང་ཉེར་ལྔ་ལོར་ཀྲུང་གོའི་བཟོ་སྐྲུན་ལག་བསྟར་ནན་མོ་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བར་དམིགས་ཏེ། ཚོགས་ཐོག་ནས་གཏན་འཁེལ་བྱས་ཡོད་པའི་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་འབྲེལ་བ་ཡོད་པའི་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་ཡང་བསྐྱར་གྲོན་དངུལ་བསྡུ་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གསར་བ་སྐོར་ཞིག་གཏན་འཁེལ་བྱས། གཅིག དངོས་སྐྱེལ་མ་རྩ་ཇེ་དམའ་རུ་གཏོང་དགོས། གཉིས། ལུགས་མཐུན་སྒོས་གློག་སྐྱེལ་གློག་འདོན་གྱི་རིན་གོང་ཇེ་དམའ་རུ་གཏོང་དགོས། གསུམ། བདག་གཉེར་ཞབས་ཕྱི་རང་བཞིན་གྱི་གྲོན་དངུལ་བསྡུ་ཚད་ཇེ་ཉུང་དུ་གཏོང་དགོས་པ་བཅས་རེད།

ཚོགས་ཐོག་ནས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་ཀྲུང་གོའི་བཟོ་སྐྲུན་ནི་སྒུལ་ནུས་གསར་རྙིང་སྤོ་སྒྱུར་བྱེད་པ་དང་དཔལ་འབྱོར་མཐོ་འབྲིང་ཆུ་ཚད་དུ་སྐྱོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། ལོ་གཉིས་ལ་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ། ཕྱིན་ཆད་མུ་མཐུད་དུ་ལག་བསྟར་བྱེད་སྐབས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚོང་རར་ཁ་ཕྱོགས་པ་དང་ཁེ་ལས་གཙོ་གཞིར་འཛིན་དགོས་ལ། རིག་ནུས་བཟོ་སྐྲུན་གཙོར་འཛིན་པ་དང་དྲ་འབྲེལ་དང་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ཟུང་འབྲེལ་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་རིག་ནུས་དང་ལྗང་འདོག ཞབས་ཕྱི་རང་བཞིན་གྱི་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར། 


  • ལེ་ཚན་སྔོན་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་བྱ་བར་རྟོག་ཞིབ་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲལ་སྒོར་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།
  • དོ་སྣང་ཆེ་བའི་རྩོམ།