ཨ་རུ་བོད་སྨན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་རིག་གནས་རྒྱུན་འཛིན་བྱས་ནས་བོད་སྨན་ཁེ་ལས་རྩེར་སོན་བཏོད་པ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2017-05-15

      མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། གཉེར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་རྫས་ཐོན་སྐྱེད་ཁེ་ལས་ཞིག་ཡིན་པའི་ཨ་རུ་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་བོ་བོད་སྨན་དང་བོད་ལུགས་སྦྱར་སྨན་སོགས་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་པ་དང་དེར་ཐུན་རིགས་ཆེ་གྲས8ཀྱི་སྣ་ཁ58དང་རྒྱལ་ཁབ་སྨན་རྫས་ཆོག་འཐུས་ཡིག་ཨང་གི་ཚད་གཞི་ལྡན་པའི་བོད་སྨན68ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་ཡོད།

      ལོ་མང་རིང་། སྤྱི་གཉེར་ཁང་དེས་བོད་ལུགས་གསོ་རིག་སྨན་རྫས་དར་སྤེལ་བཏང་སྟེ་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་འཁུར་ཞིང་། གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་འབྱོར་ཕྱུག་དང་། ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་པ་སྐྲུན་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 2016ལོར་སྤྱི་གཉེར་ཁང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.41ཟིན་པ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི4240.42གོང་འབུལ་ཞུས་ཡོད།  དེ་དང་ཆབས་གཅིག་ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ཐད་ཚོང་ཁེ་ལས་ཤིག་ཡིན་པའི་སྤྱི་གཉེར་ཁང་དེའི“གཅིན་སྙི་སྤྱིན་ཐུམ”སོགས་ཐད་ཚོང་ཐོན་རྫས་གསུམ་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ་དང་དེ་བཞིན་རྒྱལ་ཡོངས་སུ“ཨ་རུ”རྟགས་ཅན་གྲུབ་འབྲས་ཐོབ་པའི་ངང་ཁྱབ་གདལ་ཡང་བྱུང་ཡོད།  སྤྱི་གཉེར་ཁང་དེར“རྒྱལ་ཡོངས་མི་རིགས་མཁོ་ཆས་དམིགས་འཛུགས་ཐོན་སྐྱེད་ཁེ་ལས”དང་། “ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག” “རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་རིམ་པ་ཨང་གཉིས་པ” “རྒྱལ་ཡོངས་བོད་སྨན་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་རྟེན་གཞི” “ཁེ་ལས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང” མཚོ་སྔོན་ཞིང་ཆེན་གྱི“མཐོ་གསར་ལག་རྩལ་ཁེ་ལས”སོགས་ཀྱི་མཚན་སྙན་ཐོབ་ཡོད།(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)


  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ལྗོངས་ཐང་ག་དང་པར་ལེན་བརྩམས་ཆོས་ནེ་པ་ལ་རུ་འགྲེམས་སྟོན་བྱས།
  • ལེ་ཚན་རྗེས་མ།:རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།