ཀྲུང་གོའི་བོད་ལྗོངས་ཐང་ག་དང་པར་ལེན་བརྩམས་ཆོས་ནེ་པ་ལ་རུ་འགྲེམས་སྟོན་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2017-05-15

ཞིན་ཧྭ་གསར་འགྱུར་ཁང་ཀ་ཏ་མན་རྡུ་ནས་འབྱོར་བའི་གཏམ་གསར།  ཉེ་ཆར། ཀྲུང་གོའི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་དུ་འཛུགས་གཉེར་བྱས་པའི་ཀྲུང་གོ་བོད་ལྗོངས་ཐང་ག་དང་པར་ལེན་བརྩམས་ཆོས་ནེ་པ་ལའི་ཧྥ་ཐན་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པརེད།

ཉིན3གྱི་རིང་ལ་ཐང་ག20འགྲེམས་སྟོན་བྱས་ཡོད་ཅིང་།   ཐང་ག་དེ་དག་ནི་གཙོ་བོ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་སྨན་གསར་ལུགས་ཀྱི་རེད།    རྩོམ་པ་པོས་གཙོ་བོ་ནི་དུས་རབས་བཅུ་བདུན་པའི་ནང་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྲོལ་བཏོད་པའི་བྲིས་སྲོལ་རྒྱུན་འཛིན་པ་སྨན་གྲོང་ནོར་བུ་སྲིད་དར་ཡིན་ཞིང་། ཁོང་གིས་ལོ་མང་པོར་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ལས་ལ་འབད་བརྩོན་བྱས་པར་བརྟེན། རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་ཡིན་པ་རེད།

དེ་མིན་འགྲེམས་སྟོན་བྱེད་དུས་ད་དུང་བོད་ཀྱི་པར་ལེན་མཁས་ཅན་མང་པོའི་རྩེ་གྲའི་པར་རིས་བརྩམས་ཆོས51འགྲེམས་སྟོན་བྱས་ཡོད། པར་རིས་དེ་དག་གི་ཐོག་ནས་གཙོ་བོ་བོད་ལྗོངས་ཀྱི་སྤྱི་ཚོགས་རིག་གནས་དང་། འཚོ་བ་དང་སྒྱུ་རྩལ་བཅས་མཚོན་པ་རེད།

ནེ་པ་ལར་བཅའ་སྡོད་མཁན་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ལུའོ་ཀྲི་ཀང་རྣམ་གཉིས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གནང་བ་རེད།   ཁོང་རྣམ་གཉིས་ཀྱིས་ཀྲུང་གོ་བོད་ལྗོངས་དང་ནེ་པ་ལའི་བར་ཡུན་རིང་པོའི་མཛའ་མཐུན་འབྲེལ་བ་ཡོད་ཅིང་།   ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་ནི་ནེ་པ་ལའི་མི་དམངས་ཀྱིས་བོད་ལྗོངས་ལ་སྔར་བས་ཤེས་རྟོགས་བྱེད་སའི་སྐར་ཁུང་གསར་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་གསར་པ་སྣོན་ཆེད་ཀྱང་ཡིན་པ་རེད།

ནེ་པ་ལའི་ཆ་འཕྲིན་དང་འཕྲིན་གཏོང་པུའུ་ཡི་པུའུ་ཀྲང་ཁ་ཨ་ཅིས་ཀྱིས་ཐེངས་འདིར་འགྲེམས་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་བརྩེ་སེམས་སྔར་བས་ཇེ་དྲག་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་རིག་གནས།  སྒྱུ་རྩལ་དང་ཡུལ་སྐོར་སོགས་ཀྱི་ཐད་མཉམ་ལས་བྱེད་པར་སྐུལ་འདེད་ཡང་གཏོང་ཐུབ་པ་རེད་ཅེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར1170བཏང་།
  • ལེ་ཚན་རྗེས་མ།:ཨ་རུ་བོད་སྨན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་རིག་གནས་རྒྱུན་འཛིན་བྱས་ནས་བོད་སྨན་ཁེ་ལས་རྩེར་སོན་བཏོད་པ།
  • དོ་སྣང་ཆེ་བའི་རྩོམ།