མཚོ་སྔོན་བོད་སྐད་རླུང་འཕྲིན། 2017-05-05
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་གསུམ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་ཇེ་མཐོར་གཏོང་བ་དང་། གནོད་འཚེའི་ཁྲོད་བརྡིབས་པའི་ཁང་བ་མྱུར་དུ་སླར་གསོ་བསྐྱར་འཛུགས་བྱེད་རྒྱུའི་ཐད་བཅད་པ་དང་། སྤྱི་ཚོགས་ཀྱིས་སྨན་ཁང་སྒྲུབ་པ་དང་བདེ་ཐང་གནས་སྐོར་འཕེལ་རྒྱས་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་ནས། མང་ཚོགས་ཀྱི་རིམ་པ་མང་ཞིང་སྣ་མང་ཅན་གྱི་བདེ་ཐང་དགོས་མཁོ་སྐོང་བར་བྱེད་རྒྱུ་གཏན་འཁེལ་བྱས་པར་མ་ཟད། ཚོང་ལས་དངུལ་ཁང་ཆེ་འབྲིང་གིས་ཀུན་ཕན་དངུལ་ལོར་ལས་དོན་པུའུ་འཛུགས་པར་སྐུལ་འདེད་བཏང་སྟེ། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ། ཞིང་གསུམ་སོགས་ཀྱི་ཞབས་ཕྱིའི་ནུས་པ་མཐོར་འདེགས་སུ་གཏོང་བར་བཀོད་སྒྲིག་བྱས། ༼ཞིན་ཧྭ་གསར་འགྱུར་དྲ་བ་ལས་དྲངས།༽
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10