བོད་ཀྱི་ཁེ་ལས་ཕྱི་རྒྱལ་དུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་སོང་བ།

རྣོ་ཟེར།        2017-05-04

     ཟླ་4ཚེས་30ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱུད་གཅིག་ལམ་གཅིགའཛུགས་སྐྲུན་གྱི་རྒྱབ་ལྗོངས་འོག་ཉེ་བའི་ལོ་ཤས་རིང་བོད་ཀྱི་ཁེ་ལས་ཕྱི་རྒྱལ་དུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་སོང་ཞིང་། ཁེ་ལས་10ལྷག་ཙམ་གྱིས་བལ་ཡུལ་དང་། ཨ་རི། ཀྲུང་གོའི་ཞང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་དུ་སྔ་རྗེས་སུ་ལས་སྒོ་གཉེར་འགོ་བཙུགས་པ་རེད།

     “ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཆགས་སྟངས་ཀྱིས་རྐྱེན་པས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་བོད་ཀྱི་ཁེ་ལསཕྱིར་བསྐྱོད་པཉུང་ཉུང་ཡིནཀྲུང་གུང་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏུང་ཐའོ་ཡིས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ལྟ་བའི་ཚེ། བོད་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ནི་སྲིད་གཞུང་གི་སྐུལ་འདེད་དང་མི་འབོར་གྱི་ཁེ་ཕན་ལས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་སྲིད་གཞུང་གིས་དོ་དམ་བྱེད་སྟངས་ཕྱོགས་སྒྱུར་རིམ་སྤོར་བྱས་པ་དང་ཆབས་ཅིག་མི་འབོར་གྱི་གྲུབ་ཆའང་རིམ་བཞིན་ན་རྒས་ཅན་དུ་འགྱུར་འགྲོ་གི་ཡོད། མིག་སྔར་བལྟས་ནསྒུལ་ཤུགསདེ་གཉིས་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་རྒྱུར་དཀའ་ངལ་ཡོད། དེར་བརྟེན་མཁོ་སྤྲོད་དང་ཐོན་སྣེ་ནས་འགོ་བཙུགས་ཏེ་བོད་ཀྱི་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་ཞིག་སྣོན་དགོས་ཀྱི་ཡོད་ལ་དེའངརྒྱུད་གཅིག་ལམ་གཅིགགི་གོ་སྐབས་དམ་འཛིན་བྱེད་པའི་སྒོ་འབྱེད་ལྡེ་མིག་ལྟ་བུ་ཞིག་ཡིནཞེས་བརྗོད་པ་རེད།

     བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་མཉམ་འབྲེལ་ཐོག་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་དུཕྱིར་སྐྱོདཀྱི་འདོད་པ་ཡོད་པའི་ཁེ་ལས་38ཡོད་པ་དང་དངོས་སུཕྱིར་སྐྱོདབྱས་པའི་ཁེ་ལས་10ལྷག་ཙམ་ཡོད་པ་དེ་དག་བལ་ཡུལ་དང་། ཨ་རི། ཨེ་ཙེ་ཨོ་ཕི་ཡ། ཀྲུང་གོའི་ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་ཁྱབ་པ་དང་དེ་དག་གི་ལས་སྒོ་གཉེར་ཕྱོགས་བོད་སྨན་དང་། རིག་གནས། མཁའ་འགྲུལ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

     “‘ཕྱིར་སྐྱོདབྱས་པའི་ཁེ་ལས་10ལྷག་ཙམ་དེ་དག་ནང་ནས་ཕལ་ཆེ་བ་ནི་2013ལོའི་རྗེས་སུ་ཕྱི་རྒྱལ་དུ་བསྐྱོད་པ་ཤ་སྟག་རེདཅེས་ཏུང་ཐའོ་ཡིས་བརྗོད་པ་རེད།

     གངས་ལྗོངས་ས་མཐོར་འཚར་ལོངས་བྱུང་བའི་ཆེས་བྲིན་བོད་སྨན་ཚོགས་པ་ནི་མིག་སྔར་ཀྲུང་གོའི་དེང་རབས་བོད་སྨན་གྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་ཞིང་། ཚོགས་པ་དེས་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་གཙོ་བོ་(ཟུག་འཇོམས་སྦྱར་སྨན་)ཨ་རི་བྱང་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱིར་ཚོང་བྱས་པར་ཨ་རི་དང་། ཁ་ན་ཏ། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཡིད་ཆེས་ཐོབ་ཡོད་པ་རེད།

     “རྒྱུད་གཅིག་ལམ་གཅིགདངཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོགཏོད་པའི་གོ་སྐབས་བཟུང་སྟེ་བོད་ཀྱི་མཁའ་འགྲུལ་ཀུང་སིས་ན་ནིངབོད་ལྗོངས་འགྲེམས་ཚོགསརིང་བལ་ཡུལ་གྱི་ཁེ་ལས་དང་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིའི་མ་དངུལ་མཉམ་འཇོག་གི་གྲོས་མཐུན་ཡི་གེ་བཞག་པ་དང་། གསར་དུ་བཙུགས་པའི་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་མཁའ་འགྲུལ་ལམ་དྲ་བཀོད་སྒྲིག་ཧུར་ཐག་བྱས་ཏེ་བོད་ལ་སྐྱོད་པ་དང་བོད་ནས་ཐོན་པའི་སྟབས་བདེ་ལ་མྱུར་བའི་རྒྱལ་སྤྱིའི་བགྲོད་ལམ་ཞིག་གཏོད་རྒྱུ་རེད།

     “ཕྱིར་སྐྱོདལ་ཞབས་འདེགས་ཞུ་ཆེད་བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་ཁེ་ལས་ལ་རྒྱལ་མཚམས་ལས་སྒྲོལ་བའི་དཔྱ་ཁྲལ་དང་འབྲེལ་བའི་དོན་ཚན་གྱི་དཔྱད་ཡིག་ཆ་འཕྲིན་རག་ཐབས་བྱས་ཏེ་ཁེ་ལས་ལ་མ་འཇོག་ཐབས་ཇུས་མ་བཏིང་གོང་གི་སྒྲུབ་དགོས་ངེས་ཀྱི་ལས་དོན་ཡག་པོ་སྒྲུབ་ཏུ་བཅུག་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སྟོབས་རྒྱལ་དང་མི་བསྐྱོད་ཉི་མ་གཉིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་རྒྱུག་འགྲན་བསྡུར་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རྫོང་གི་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།