བསྟན་གོས་ཉིང་ཁྲིའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་ལས་ཀར་བརྟག་ཞིབ་གནང་བ།

    བོད་ལྗོངས་འཕྲིན་དྲ།    2017-05-03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་གོས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང༌།  སྤོ་བོ་རྫོང་བཅས་སུ་ཕེབས་ནས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་ལས་ཀར་བརྟག་ཞིབ་གནང་བ་རེད།

བསྟན་གོས་སྔ་རྗེས་སུ་བླ་མ་གླིང་དགོན་དང་བུ་ཆུ་གསེར་གྱི་ལྷ་ཁང་སོགས་ཀྱི་དགོན་སྡེའི་གྲ་བཙུན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་འཚམ་འདྲི་གནང་བ་དང་།  དགོན་སྡེའི་སློབ་གསོ་དོ་དམ་ཞབས་ཞུའི་ལས་དོན་སྤེལ་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།  ཉིང་ཁྲི་གྲོང་ཁྱེར་དང་སྤོ་བོ་རྫོང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན།   དགོན་སྡེར་བཅའ་སྡོད་ལས་བྱེད་པའི་འཐུས་མི་དང་བཞུགས་མོལ་གནང་བ་དང་།  དབུལ་ཕོངས་དུད་ཚང་སོགས་སུ་འཚམ་འདྲི་ཡང་གནང་བ་རེད། 
   བསྟན་གོས་ལས་དོན་སྙན་ཞུ་གསན་རྗེས་ཉིང་ཁྲི་གྲོང་ཁྱེར་གྱི་ཉེ་བའི་ལོའི་ནང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོནལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  དགོན་སྡེའི་དོ་དམ་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།   །


  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ལྗོངས་ཀྱི་ཞལ་ཐང་དང་བརྙན་པར་བལ་ཡུལ་དུ་འགྲེམས་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:འཛམ་གླིང་དངུལ་ཁང་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་དྲན་ཐོར་མིང་རྟགས་བཀོད་ནས་མཉམ་ལས་ཟབ་ཏུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།