ཀྲུང་གོའི་བོད་ལྗོངས་ཀྱི་ཞལ་ཐང་དང་བརྙན་པར་བལ་ཡུལ་དུ་འགྲེམས་སྟོན་བྱས་པ།

    མི་དམངས་ཉིན་རེའི་ཚགས་པར།    2017-05-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས26ཉིན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བལ་ཡུལ་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་བྱས་ནས་གཉེར་བའི་ཀྲུང་གོའི་བོད་ལྗོངས་ཀྱི་ཞལ་ཐང་དང་བརྙན་པར་འགྲེམས་སྟོན་བལ་ཡུལ་གྱི་ཕཱ་ཐན་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱེད་འགོ་བརྩམས་པ་རེད།

དུས་ཡུན་ཉིན་3རིང་གི་འགྲེམས་སྟོན་འདིར་ཁྱོན་བསྡོམས་ཞལ་ཐང20འགྲེམས་སྟོན་བྱས་ཡོད་པ་དང་། ཞལ་ཐང་འདི་དག་ནི་གཙོ་བོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱི་མིང་ཐོའི་ནང་འཁོད་པའི་སྨན་གསར་བྲིས་རྒྱུན་གྱི་ཞལ་ཐང་ཡིན་པ་དང་། རྩོམ་པ་པོ་གཙོ་བོ་སྨན་གྲོང་ནོར་བུ་སྲི་ཐར་གྱིས་བོད་ཀྱི་སྲོལ་རྒྱུན་རི་མོ་སྒྱུ་རྩལ་ཕྱག་ལས་གནང་ནས་ལོ་མང་ཕྱིན་པ་དང་། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རེད།

འགྲེམས་སྟོན་དུ་ད་དུང་བོད་ལྗོངས་ཀྱི་བརྙན་པར་ལེན་མཁན་མང་པོའི་བརྙན་པར་ངོ་མཚར་ཆེ་བ51ཡང་འགྲེམས་སྟོན་བྱས་པ་རེད། བརྙན་པར་འདི་ཚོ་ཡིས་གཙོ་བོ་བོད་ལྗོངས་ཀྱི་མི་ཆོས་རིག་གནས་དང་འཚོབ། སྒྱུ་རྩལ་བཅས་མཚོན་པ་རེད།

བལ་ཡུལ་གྱི་ཆ་འཕྲིན་དང་འཕྲིན་གཏོང་པུའུ་ཀྲང་སུའུ་ལུན་ཏེ་ལ་•ཁུ་མཱར་•ཁཱར་ཅི་དང་། བལ་ཡུལ་དུ་བཅའ་སྡོད་ཀྲུང་གོའི་བོད་ལྗོངས་ཀྱི་གཞུང་ཚབ་ཆེན་མོ་ཡུས་ཧུང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགོ་འཛིན་གཞོན་པ་ལུང་ཀྲི་ཀང་། བལ་ཡུལ་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་དབྱི་ཁུན་སུང་སོགས་ཕཱང་ཐན་ཏུའུ་པཱ་ཐང་ཆེན་དུ་གཉེར་བའི་འགྲེམས་སྟོན་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ཡུས་ཧུང་དང་ལུང་ཀྲི་ཀང་གིས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་ཞིང་། ཁོང་གཉིས་ཀྱིས་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་བར་གྱི་མཛའ་མཐུན་འབྲེལ་བ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐེངས་འདིའི་བརྩམས་ཆོས་འགྲེམས་སྟོན་ནི་བལ་ཡུལ་མི་དམངས་ཀྱིས་བོད་ལྗོངས་རྒྱུས་ལོན་སྔར་ལས་ལྷག་པར་བྱ་རྒྱུར་སྒེའུ་ཁུང་གསར་པ་ཞིག་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་་གསོན་ཤུགས་གསར་པ་བསྣན་ཡོད་ཅེས་བསྟན་པ་རེད།

ཁཱར་ཅི་ཡིས་ཐེངས་འདིའི་འགྲེམས་སྟོན་གྱིས་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་རིག་གནས་དང་སྒྱུ་རྩལ། ཡུལ་སྐོར་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པར་གཏོང་ཐུབ་ངེས་རེད་ཅེས་བརྗོད་པ་རེད། །

  • ལེ་ཚན་སྔོན་མ།:དངོས་མིན་ཤུལ་བཞག་རིག་གནས་ཀྱིས་མང་ཚོགས་ལ་ཕན་པ་བཏགས།
  • ལེ་ཚན་རྗེས་མ།:བསྟན་གོས་ཉིང་ཁྲིའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་ལས་ཀར་བརྟག་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།