རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

ཨོ་རྒྱན་གྱིས་བྲིས།        2017-04-17

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

བོད་ཆོལ་གསུམ་ཡུལ་གྱི་ཡིག་གཟུགས་པ།།

ཡུལ་མདོ་སྨད་ཞིང་གི་ལྷན་འཛོམས་ལེགས།

སྤྱི་ལོ༢༠༡༧ལོའི་ཟླ༤ཚེས༡༥ནས་ཚེས༡༦བར་དུ་བོད་ཆོལ་ཁ་གསུམ་གྱི་ཕུལ་དུ་བྱུང་བའི་ཡིག་གཟུགས་སྒྱུ་རྩལ་པ་སྐོར་གཅིག་ཡུལ་མདོ་སྨད་ཞིང་གི་ལྟེ་བ་གནའ་མཁར་ཟི་ལིང་གྲོང་གི་མཚོ་སྔོན་མི་རིགས་སློབ་གླིང་དུ་ལྷན་འཛོམས་བྱུང་།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

འདི་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་བྱས་ཤིང་བོད་ཀྱི་ཡིག་གཟུགས་ཉིན་མོའི་ལས་གཉེར་ཚན་ཆུང་གིས་རོགས་སྒྲུབ་བྱས་པའི་བོད་ཀྱི་ཡིག་གཟུགས་སྐོར་གྱི་ཚོགས་འདུ་ཞིག་ཡིན་ལ། རྒྱལ་ཡོངས་རང་བཞིན་གྱི་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ་ཆགས་ཡོད་པ་རེད།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

ཚོགས་ཐོག་ཏུ་བོད་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་བྲིས་གཟུགས་སྒྱུ་རྩལ་པ་དང་། ཆེད་ལས་མཁས་པ། སློབ་གསོ་པ་སོགས་བོད་ཀྱི་ཤེས་ལྡན་པ་གང་མང་ལྷན་དུ་འཛོམས་ནས་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་གནས་བབ་ལ་བགྲོ་གླེང་བྱས་ཤིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་འགྲེམ་སྟོན་གནང་། ཡིག་གཟུགས་སྒྱུ་རྩལ་བ་དག་གིས་རང་རང་གི་ཕུལ་བྱུང་གི་བརྩམས་ཆོས་རེ་མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གནས་གཏེར་མཛོད་ཁང་ལ་གནང་སྦྱིན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་མ་ཚད། བོད་རྟེན་འབྲེལ་གྱི་ཞིང་ནས་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲངས་ཀ་གཞིར་བཟུང་ཟླ༤པའི་ཚེས༣༠ཉིན་བོད་ཀྱི་ཡིག་གཟུགས་ཉིན་མོ་ཞེས་པ་གཏན་འཁེལ་བྱས་ཤིང་རྗེས་སོར་དུས་ཆེན་འདི་ནི་བོད་མདོ་དབུས་ཁམས་གསུམ་ནས་སྲུང་བརྩི་བྱ་རྒྱུ་ཚོགས་འདུ་ནས་གྲོས་ཐག་བཅད་ཅིང་གཏན་འཁེལ་བྱས།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

ཐེངས་འདིའི་ཚོགས་འདུས་བོད་ཀྱི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱ་ཆེར་དར་སྤེལ་གཏོང་བར་ཕན་འབྲས་བླ་ལྷག་ཏུ་ཐོན་ཡོད་པས་མ་ཚད་བོད་ཀྱི་ཡིག་གཟུགས་ཀྱི་གྲུབ་འབྲས་སྔོག་འདོན་དང་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་དང་སློབ་ཆེན་ཁག་གི་དགེ་སློབ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐུལ་མ་གཏོང་བའི་ཕན་འབྲས་ཁྱད་པར་བ་འབྱུང་ཡོད་པ་རེད།།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས།

  • ལེ་ཚན་སྔོན་མ།:“ཀྲུང་གོའི་རིག་གནས་གཟའ་འཁོར”གྱི་བྱེད་སྒོ་པེར་ཀྲེམ་ཡུས་དབྱི་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལིའུ་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས་གསུངས།
  • དོ་སྣང་ཆེ་བའི་རྩོམ།