མཚོ་སྔོན་བོད་སྐད་རླུང་འཕྲིན། 2017-04-05
མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་རིམ་པའི་རྩོམ་རིག་དུས་དེབ་མཚོ་སྔོན་པོ་ཞེས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བོད་ཀྱི་བརྩམས་སྒྲུང་གི་གསོལ་སྟོན་ཞིག་བཤམས། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོ་དུས་དེབ་ཀྱིས་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་བཅུ་གཉིས་ཀྱི་ཆེད་དེབ་སྤེལ་ནས། དེང་གི་རྩོམ་སྟེགས་སུ་གསོན་ཤུགས་ཀྱིས་བརྟས་པའི་རྒྱ་ཡིག་གི་ལམ་ནས་སྒྲུང་གཏམ་འབྲི་མཁན་དག་གི་བརྩམས་ཆོས་གཞི་གཅིག་ཏུ་བསྡུས་ལ། ཁོ་ཚོ་ནི་བོད་ལྗོངས་དང་ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་ནས་ཐོན་པ་རེད། སྒྲུང་གཏམ་རྩོམ་པ་པོ་བཅུ་གཉིས་པོ་འདི་ཚོའི་བརྩམས་ཆོས་ཀྱི་རྒྱུ་ཆ་རྒྱ་ཆེ་ཞིང་། རྩོམ་གཤིས་ལ་སོ་སོའི་ཁྱད་ཆོས་ཀྱིས་ཕྱུག་པ། སྒྱུ་རྩལ་གྱི་མཚོན་ཐབས་མི་འདྲ་བའི་སྒོ་ནས་མི་ཚེ་ལ་དང་དོད་དང་དངོས་ཡོད་བསྐྱར་མཚོན་སོགས་བྱས་ཏེ། དེང་གི་འཚོ་བའི་ཟུར་ངོས་མི་འདྲ་བ་དག་མངོན་མཚོན་བྱས་ཡོད་པས། འགུག་ཤུགས་དང་ཀློག་རིན་ཆེན་པོ་ལྡན། བརྩམས་ཆོས་ལ་བོད་ལྗོངས་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུའི«མེ་ཏོག»དང་། མཚོ་སྔོན་གྱི་རྩོམ་པ་པོ་པད་མ་ཚེ་བརྟན་གྱི«རྐང་རྗེན་སྨན་པ»། མཚོ་སྔོན་གྱི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གི«ལྷ་ཡུལ་གྱི་རུ་སྐོར»། ཟི་ཁྲོན་གྱི་རྩོམ་པ་པོ་དབྱིན་ཞང་ཏུང་གི«འཇིག་རྟེན་གྱི་ཕྱི་རོལ»། ཀན་སུའུ་ཡི་རྩོམ་པ་པོ་བཀྲ་ཤིས་ཚེ་རིང་གི«སླར་ཡང་རྩོམ་རིག་གི་ལམ་དུ་ཞུགས་པའི་བགྲེས་པོ»། ཟི་ཁྲོན་གྱི་རྩོམ་པ་པོ་སྐལ་བཟང་འགྱུར་མེད་ཀྱི«སྟོང་བརྙན་ལེའུ་གསུམ»། ཡུན་ནན་གྱི་རྩོམ་པ་པོ་ཚུལ་ཁྲིམས་ཀྱི«ཡུལ་གྱར་བ»། མཚོ་སྔོན་གྱི་རྩོམ་པ་པོ་ཆོས་རྒྱལ་ཚེ་རིང་གི«གཙང་པོའི་ནང་གི་བྱིས་པ»། ཡུན་ནན་གྱི་རྩོམ་པ་པོ་གཡང་སྐྱིད་སྒྲོལ་མའི«བསམ་འགྲུབ་དང་ཆོས་སྒྲོན»། མཚོ་སྔོན་གྱི་རྩོམ་པ་པོ་ཡོན་ཏན་དར་རྒྱས་ཀྱི«ཀོང་ཇོ»། མཚོ་སྔོན་གྱི་རྩོམ་པ་པོ་སངས་རྒྱས་ཚེ་རིང་གི«ཁ་བའི་རྣམ་ཤེས»སོགས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10