ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི«ཞིང་སྨན་དོ་དམ་སྲོལ་ཡིག»ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-04-05

 

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་དྲུག་བརྒྱ་དང་དོན་བདུན་པའི་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི«ཞིང་སྨན་དོ་དམ་སྲོལ་ཡིག»དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

«སྲོལ་ཡིག»ནང་དུ་རྒྱལ་ཁབ་ཀྱིས་བདེ་འཇགས་དང་ཕན་འབྲས་མཐོ་བའི་ཞིང་སྨན་ཐོན་སྐྱེད་དང་བཀོལ་སྤྱོད་བྱེད་པར་སྐུལ་མ་གཏོང་བ་དང་། ཞིང་སྨན་ཆེད་ལས་ཅན་གྱི་བཀོལ་སྤྱོད་ལག་བསྟར་བྱེད་པ། ཞིང་སྨན་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱས་ཡོད།

«སྲོལ་ཡིག»ནང་དུ་རང་རྒྱལ་དུ་ཐོན་སྐྱེད་དང་རང་རྒྱལ་ལ་ཕྱིར་གཏོང་བྱེད་པའི་ཞིང་སྨན་དེ་ཡར་ཞུ་ཐོ་འགོད་བྱེད་དགོས་པ་དང་། ཐོ་འགོད་ཞིབ་བཤེར་ཚད་ལེན་དང་ཐོ་འགོད་དཔྱད་ཞིབ་བྱས་པ་བརྒྱུད་དེ་ཆ་རྐྱེན་དང་མཐུན་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་དོ་དམ་ལས་ཁུངས་ཀྱིས་ཞིང་སྨན་ཐོ་འགོད་འཛིན་ཡིག་སྟེར་བ་དང་ཁྱབ་སྒྲོག་བྱེད་རྒྱུ་གཏན་འཁེལ་བྱས་ཡོད།

«སྲོལ་ཡིག»ནང་དུ་ད་དུང་ཞིང་སྨན་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་པའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་གཏན་འཁེལ་བྱས་ཡོད། །


  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་ཞུའི་བོད་འགྱུར་པར་མ་རྒྱལ་ཡོངས་སུ་བཀྲམས།
  • ལེ་ཚན་རྗེས་མ།:མཚོ་སྔོན་པོ་དུས་དེབ་ཀྱིས་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་བཅུ་གཉིས་ཀྱི་ཆེད་དེབ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།