རྒྱལ་ཡོངས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསུམ་བརྒྱད་དར་དམར་བ་དང་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས། རང་ཁུལ་གྱི་ཐུན་མོང་གཅིག་དང་མི་སྒེར་ལྔར་མཚན་སྙན་ཐོབ།

བདེ་སྐྱིད་ཀྱིས་བསྒྱུར།    མི་དམངས་དྲ་བ།    2017-03-14




      གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཤར་བའི་སྐབས་དང་བསྟུན་ནས།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕུལ་བྱུང་བུད་མེད10ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མིག་དཔེ་མཁན་གྱི་མཚན་སྙན་སྤྲད་པ་དང་།  བུད་མེད300ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་མཚན་སྙན་སྤྲད་ཅིང་།  སྡེ་ཚན200ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་སྤྲད་པ་རེད།  རང་ཁུལ་གྱི་རྟའུ་རྫོང་བྲག་དཀར་ཇོ་མོ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དགེ་མ་གཡང་སྒྲོན་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་མཚན་སྙན་ཐོབ་པ་རེད།

      ཚེས3ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་གྱིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་འགོ་བཙུགས་ནས་ལོ107འཁོར་བར་དྲན་གསོ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཚོགས་ཐོག་སི་ཁྲོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་བའི་མིག་དཔེ་མཁན་དང་སི་ཁྲོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་བ་དང་གསུམ་བརྒྱད་དར་དམར་ཐུན་མོང་།  སི་ཁྲོན་ཞིང་ཆེན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་སོགས་ལ་གཟེངས་བསྟོད་བྱས་པ་རེད། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་ཝང་ལུའུ་ཧུང་དང་ཕྱག་ཕྲེང་རྫོང་གི་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཁའོ་རིམ་པའི་ལས་བྱེད་པ་ཏན་སུང་མེ།  ཁུལ་བོད་སྨན་ཁང་གི་འགོ་འཛིན་པདྨ་སྒྲོལ་དཀར།  སྡེ་དགེ་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲོའུ་ཡུས་ཧྭ་བཅས་ལ་སི་ཁྲོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་བའི་མཚན་སྙན་ཐོབ་པ་དང་།  ཁུལ་ནོར་སྲིད་ཅུས་ལ་སི་ཁྲོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་ཐོབ་པ་རེད།།


  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅིས་སི་ཁྲོན་བོད་ཁུལ་གྱི་རིགས་ཁག་མང་ཚོགས་ལ་ཐུགས་ཁུར་གནང་།
  • ལེ་ཚན་རྗེས་མ།:གཞུང་བཙུགས་སྨན་ཁང་གི་སྨན་རྫས་རིན་གོང་འཕར་མ་ཚང་མ་མེད་པར་བཟོ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།