ཐག་རིང་ཁ་པར་གཏོང་གླ་དང་འཁྱམ་སྤྱོད་གླ་མེད་པ་བཟོ་རྒྱུ་ཡིན་པ།

    མི་དམངས་དྲ་བ།    2017-03-09

ཐག་རིང་ཁ་པར་གཏོང་གླ་དང་འཁྱམ་སྤྱོད་གླ་མེད་པ་བཟོ་རྒྱུ་ཡིན་པ།

     ཟླ3ཚེས6ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་ཁྱོན་ཡོངས་ནས་ཐག་རིང་ཁ་པར་གཏོང་གླ་དང་འཁྱམ་སྤྱོད་ཁ་པར་གཏོང་གླ་མེད་པར་བཟོ་རྒྱུ་ཡིན་ཞེས་བརྗོད་པ་རེད།

      ཁྲེན་ཀྲའོ་ཞུང་གིས་ཆ་འཕྲིན་དྲ་རྒྱ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མེད་དུ་མི་རུང་བའི་རྨང་གཞིའི་སྒྲིག་བཀོད་གནད་འགག་ཆེ་བར་གྱུར་ཡོད་པས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་གཏོང་རྒྱུ་དང་དྲ་རྒྱའི་རིན་པ་གཅོག་རྒྱུ་ལས་དོན་དོན་འཁྱོལ་ཏན་ཏིག་བྱས་ཏེ། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་དང་ཀྲུང་གོའི་ལྕགས་སྒྲོམ་ཀུང་སི་ཡིས་ཐུན་མོང་དུ་འབད་བརྩོན་བྱས་པའི་འོག དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།

     གོམ་རིམ་རྗེས་མར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ད་དུང་དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་དང་རིན་པ་གཅོག་རྒྱུའི་བྱ་ཐབས་གསར་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུ་ཡིན་པ་སྟེ། ཕྱོགས་ཡོངས་ནས་ཐག་རིང་ཁ་པར་གཏོང་གླ་དང་འཁྱམ་སྤྱོད་ཁ་པར་གཏོང་གླ་མེད་པར་བཟོ་རྒྱུ་དང། ཁེ་ལས་འབྲིང་ཆུང་གི་འཕྲིན་སྦྲེལ་དྲ་རྒྱའི་ཆེད་སྦྲེལ་འཕྲིན་ལམ་འབྲེལ་མཐུད་གྲོན་དངུལ་ཆེན་པོ་གཅོག་རྒྱུ། རྒྱལ་སྤྱིའི་ཐག་རིང་ཁ་པར་གཏོང་གླ་གཅོག་རྒྱུ་བཅས་དང་གཅིག རྒྱལ་ནང་གི་འཕྲིན་སྦྲེལ་དྲ་རྒྱའི་བར་གྱི་ཐགས་ཞེང་རྒྱ་སྐྱེད་གཏོང་རྒྱུ་དང་། འཕྲིན་སྦྲེལ་དྲ་རྒྱའི་རྒྱལ་སྤྱིའི་ཕྱིར་གཏོང་ནང་འདྲེན་ཐགས་ཞེང་གི་ནུས་པ་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་དྲ་རྒྱའི་ཐགས་ཡངས་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ།  སྡེ་ཁུལ་རྙིང་པ་དང་ཆུང་གྲས་སུ་འོད་སྐུད་ཁྱིམ་དུད་ལ་འབྲེལ་མཐུད་བྱ་རྒྱུའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་བཅས་དང་གཉིས། གློག་འཕྲིན་ཚོང་རའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་དང་གསུམ་བཅས་ཡིན་པ་རེད།  


  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་མི་རིཊ་མཐུན་སྒྲིལ་ནི་རྩམ་པ་བརྫིས་པ་ལྟར་བྱ་དགོས་བཤད།
  • ལེ་ཚན་རྗེས་མ།:བོད་སྨན་གྱི་ཚད་གཞིའི་མ་ལག་འཐུས་ཚང་གཏོང་དགོས་པའི་གྲོས་འགོ་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།