དཔའ་རིས་མཆོད་རྟེན་ཐང་དུ་དཔའ་རིས་དམངས་གླུ་རྒྱུད་ཁྲིད་དང་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་ལས་འགུལ་སྤེལ།

    བོད་ཀྱི་སློབ་འབྲིང་དྲ་བ།    2015-05-22

དཔའ་རིས་མཆོད་རྟེན་ཐང་དུ་དཔའ་རིས་དམངས་གླུ་རྒྱུད་ཁྲིད་དང་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་ལས་འགུལ་སྤེལ།
དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་གྲོས་ཚོགས།

            2015ལོའི་ཟླ་5པའི་ཚེས་11ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྩ་འཛུགས་བྱས་ནས་མཆོད་རྟེན་ཐང་སློབ་གྲྭ་རུ་དཔའ་རིས་དམངས་གླུ་རྒྱུད་ཁྲིད་དང་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་ལས་འགུལ་སྤེལ་བ་ཡིན། ཐེངས་འདིའི་ལས་འགུལ་དུ་དཔའ་རིས་ཡུལ་ཁམས་སོ་སོའི་དམངས་ཁྲོད་གླུ་པ་གླུ་མ་70ལྷག་དྲངས་ཡོང་ནས་དམངས་གླུ་བརྒྱུད་ཁྲིད་དང་འཁྲབ་སྟོན་གྱི་ལས་ལ་ཞུགས་པ་ཡིན། མཆོད་རྟེན་ཐང་སློབ་གྲྭ་རུ་སློབ་མ་དང་གླུ་པ་དག་ལ་དཔའ་རིས་ཁ་སྐད་ཀྱི་དཀའ་གནད་འཆད་འགྲེལ་ཞེས་པའི་སློབ་ཁྲིད་བྱས། དེའི་མཇུག་ཏུ་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་གྲོས་ཚོགས་འཚོགས་པ་ཡིན། ཉིན་དེའི་དགོང་མོ་དམངས་གླུ་བརྒྱུད་ཁྲིད་ཁག་ཏུ་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་ཤུལ་འཛིན་པ་བསོད་ནམས་ཚེ་རིང་གིས་སློབ་མ་ཚོར་དམངས་གླུ་ཁྲིད་པ་ཡིན། ཕྱི་ཉིན་མཆོད་རྟེན་ཐང་དགོན་པའི་ཐང་ཆེན་དུ་གླུ་པ་གླུ་མ་ཚོས་དམངས་གླུ་བླང་ཞིང་ཁ་ཤགས་བཤད་པ། སྙན་འཇེབས་ཀྱི་གླུ་སྒྲ་གནས་མཆོག་མཆོད་རྟེན་ཐང་གི་བར་སྣང་དུ་ཁྱབ། ཐེངས་འདིར་སྤེལ་བའི་ལས་འགུལ་ནི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུ་སྲུང་སྐྱོང་བྱེད་པའི་དོན་སྙིང་བརྗོད་ཀྱིས་མི་ལང་བའི་ལས་དོན་ཡག་པོ་ཞིག་རེད།

 དཔའ་རིས་མཆོད་རྟེན་ཐང་དུ་དཔའ་རིས་དམངས་གླུ་རྒྱུད་ཁྲིད་དང་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་ལས་འགུལ་སྤེལ།
རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ཤུལ་འཛིན་པ།
 དཔའ་རིས་མཆོད་རྟེན་ཐང་དུ་དཔའ་རིས་དམངས་གླུ་རྒྱུད་ཁྲིད་དང་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་ལས་འགུལ་སྤེལ།
 དམངས་གླུ་ལེན་བཞིན་པ།
 དཔའ་རིས་མཆོད་རྟེན་ཐང་དུ་དཔའ་རིས་དམངས་གླུ་རྒྱུད་ཁྲིད་དང་དམངས་ཁྲོད་རིག་གནས་ཞིབ་འཇུག་འཚོལ་བསྡུའི་ལས་འགུལ་སྤེལ།
སློབ་མ་ཚོར་དམངས་གླུ་ཁྲིད་བཞིན་པ།

  • ལེ་ཚན་སྔོན་མ།:ཞང་ཀང་གི་ན་གཞོན་ཚོགས་པས་བོད་ཀྱི་རིག་གནས་སྒྱུ་རྩལ་བརྟག་དཔྱད་བྱེད་པའི་བྱ་འགུལ་ཟི་ལིང་ནས་སྤེལ་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱི་བོད་སྐད་ཀྱི་འགུལ་རིས་བརྙན་འཕྲིན་ཟློས་གར་ཞིག་རྒྱལ་ཡོངས་ཀྱི་ཕུལ་བྱུང་འགུལ་རིས་བརྙན་འཕྲིན་ཟློས་གར་དཀར་ཆག་གྲས་སུ་བདམས།
  • དོ་སྣང་ཆེ་བའི་རྩོམ།