མཚོ་སྔོན་བོད་སྐད་རླུང་འཕྲིན། 2017-03-08
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད་པ་དང་། ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། ཝང་ཅན་ཅོན་དང་ཝང་ཞའོ། ཉི་མ་སྒྲོལ་མ། ནོར་སྡེ། ཁྲིན་སུའུ་སོགས་འཐུས་མིས་སོ་སོར་གཏམ་བཤད། རྒྱལ་ཁབ་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ཝང་ཙོ་ཨན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡང་གྲོས་ཚོགས་སྟེང་ཞུགས་ནས་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན།
ཝང་ཡུང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཁྱོན་ཡོངས་ནས་འདས་པའི་ལོ་གཅིག་གི་གྲུབ་འབྲས་འབུར་ཐོན་ལ་སྤྱི་བསྡོམས་དང་། དེར་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ད་ལོའི་འཕེལ་རྒྱས་དང་འབྲེལ་བའི་ཕྱོགས་གཙོ་བོ་དགུ་དང་ལས་གཞི་ཞེ་གཉིས་སྐོར་གྱི་ཞིབ་ཕྲའི་བྱེད་ཕྱོགས་གསལ་བོར་བཏོན་པ་ནི། དངོས་ཐོག་བདེན་འཚོལ་དང་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་པ། དངོས་གཉེར་དང་རྒྱལ་ཁབ་དར་རྒྱས་ཡོང་བར་བྱེད་པའི་སྙན་ཞུ་ལེགས་པོ་ཞིག་ཏུ་མཐོང་བས། ང་རང་ཉིད་ལ་མཚོན་ན་ཐེངས་འདིའི་སྙན་ཞུར་མོས་མཐུན་ཆེན་པོ་ཡོད། འདས་པའི་ལོ་་གཅིག་གི་རིང་ལ། རྒྱལ་ཁབ་ཕྱི་ནང་གི་འགལ་བ་སྣ་མང་ལ་གདོང་གཏད་པ་དང་། ཉེན་ཁ་དང་རྐྱེན་ངན་ལྷན་འདུས་ཀྱི་འགྲན་རྩོད་ལ་སྤོབས་པ་ཆེན་པོས་གདོང་གཏད་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་ཡག་པོ་ཞིག་བརྩམས་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ལས་བྱུང་བ་ཡིན། དེས་ང་ཚོའི་བགྲོད་ལམ་གྱི་ཡིད་རྟོན་དང་གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་སྔར་ལས་ཇེ་བརྟན་ལ་བཏང་། ང་ཚོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་བྱེད་ཕྱོགས་གཙོ་བོ་རྒྱུན་འཁྱོངས་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཙོ་གནད་དུ་བཟུང་ནས། གོང་འོག་སེམས་གཅིག་དང་་དཀའ་ངལ་གདོང་གིས་བསུས་ཏེ། བྱ་བ་དངོས་སྒྲུབ་དང་བཟང་སྒྲུ་བྱས་ནས། ལས་རིམ་སོ་སོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ནི་ཏང་གི་བློ་རྩ་དང་མི་དམངས་ཀྱི་སེམས་དོན་མཚོན་པར་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་དེར་མོས་མཐུན་ཆེན་པོ་ཡོད། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུས་གཅིག་ནས་ཆབ་སྲིད་ཀྱི་མཐོ་ཚད་གླེང་ཡོད། སྙན་ཞུའི་སྲོག་ཤིང་འདུ་ཤེས་དྲག་པ་དང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱེད་དགོས་པའི་གནད་ས་རིམ་པར་བརྒྱུད་སྤེལ་བྱས་པས། སྙན་ཞུའི་མང་ཚོགས་ཀྱི་ལྟ་བ་ཧ་ཅང་དྲག་པོ་རེད། དེས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་མངོན་པར་མཚོན་པ་དང་།མང་ཚོགས་ཀྱི་སྐད་ཆ་དངོས་བཀོལ་ནས། ཕྱིར་མི་དམངས་མང་ཚོགས་ཀྱི་རེ་བར་ལན་བྱིན། དེ་མིན་ད་དུང་སྙན་ཞུའི་ལམ་ལུགས་ཀྱི་ཡིད་རྟོན་ཡང་ཧ་ཅང་དྲག་པོ་རེད། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་དགེ་མཚན་རང་བཞིན་གསལ་རྗེན་དུ་མཚོན་ཡོད། གཉིས་ནས་འཕེལ་རྒྱས་ཀྱི་སྐས་རྐང་གསར་བ་གླེང་ཡོད། སྙན་ཞུས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་སྤྱི་ཁོག་སྙོམ་སྒྲིག འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར། གསར་གཏོད་སྣེ་སྟོན། ཨ་སྔོན་སྲུང་སྐྱོབ་འཐབ་འཛིང་། འཛད་སྤྱོད་འདོན་སྤེལ་གྱི་སྒུལ་འཐེན་བྱེད་ནུས་གཙོ་བོ་སོགས་ཡོངས་སུ་ཁྱབ་པར་བྱས་པས། དེ་དག་ཚང་མ་ནི་འཕེལ་རྒྱས་འདུ་ཤེས་གསར་བའི་ཞིབ་ཕྲ་ཅན་རེད། གསུམ་ནི་དངོས་སྒྲུབ་ཀྱི་བྱེད་ཕྱོགས་གླེང་ཡོད། སྤྱི་ཚོགས་རིང་ལུགས་ནི་དངོས་སྒྲུབ་བྱས་ཏེ་ཡོང་བ་རེད། སྙན་ཞུས་དངོས་སྒྲུབ་ཀྱི་ཁ་ཕྱོགས་གསར་བ་མངོན་པར་བཙུགས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་ཚད་དྲག་པོ་ཞིག་འདོན་སྤྲོད་བྱས་ཡོད། དེང་སྐབས་ལས་བྱེད་པའི་བྱེད་ཕྱོགས་དང་སྤྱོད་ལམ་ལ་འགྱུར་བ་ཆེན་པོ་བྱུང་ཡོད་ནའང་། ད་དུང་ངང་ཐུང་འཚབ་འཚུབ་ཀྱི་སྣང་ཚུལ་སྔར་བཞིན་གནས་ཡོད། ང་ཚོས་གཟབ་ནན་དང་དངོས་གཉེར་གྱི་བླང་བྱ་ཡིད་ལ་དམ་པོར་བཅངས་ནས། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། བར་མ་ཆད་པའི་ངང་མང་ཚོགས་ལ་བདེན་པ་བདེན་ཐུབ་ཀྱི་འགྱུར་ལྡོག་གསར་བ་མྱོང་བར་བྱེད་དགོས་ཟེར།
ཝང་ཅན་ཅོན་གྱིས་བཤད་རྒྱུར། ཙུང་ལི་ཡིས་ཕུལ་བའི་སྙན་ཞུའི་བརྗོད་བྱ་གསར་ཤོས་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པ། དོན་དག་ཆེན་པོ་རྣམས་བསལ་གསེད་འདོར་ལེན་བྱས་པ་ཡང་དག་པ། ཁྱད་ཆོས་དང་འབུར་ཐོན་ཅན་བསྲེལ་བ་ཧ་ཅང་ལེགས་པ། དོ་སྣང་དང་དོ་ཁུར་བྱེད་སར་ལན་བཏབ་པ་ཧ་ཅང་བཟང་བ། བྱེད་ཕྱོགས་དང་དམ་འཛིན་གཏན་འབེབས་བཟོས་པ་དོན་དངོས་དང་མཐུན་པ། རྩོམ་གཤིས་གསལ་ལ་གསར་ཤོས་དོད་པ། ནང་དོན་གསར་བ་དང་བཤད་སྟངས་གསར་བས་བརྒྱན་པ། དངོས་ཕན་གྱི་ཐབས་ཇུས་བཏོན་པ་དང་། དངོས་གཉེར་གྱི་སྲིད་ཇུས་གཏན་འབེབས་བཟོས་པ། གོང་འོག་སྦྲེལ་མཐུད་བྱས་པ་ལེགས་པས། དེས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཤེས་རབ་གཅིག་བསྡུས་བྱས་ཡོད། དེ་ནི་སྤོབས་པས་བརྟས་ཤིང་ཤེས་རབ་ཀྱིས་བརྒྱན་པ། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པ། སྟོབས་ཤུགས་ཀྱིས་ཀུན་ནས་རྫོགས་པ། མདུན་སྐྱོད་ཡར་བརྩོན། དོ་ཁུར་གྱིས་ཁེངས་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ང་རང་དེར་མཐའ་གཅིག་ཏུ་འཐད་པ་ཡིན། ཁྱད་པར་དུ་ན་ནིང་གི་ལོར་སྣེ་མང་རྙོག་འཛིང་གི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་གདོང་གཏད་དེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་ཡག་པོ་ཞིག་རྩོམ་ཐུབ་པར་གྱུར་ནས། དེ་འབྲེལ་གྱི་གྲུབ་འབྲས་བླངས་པ་ནི་ལས་སླ་མོ་ཞིག་མ་ཡིན། དེས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་གསར་བའི་ཁྲོད་ཀྱི་འགན་འཁྲི་དང་ཁག་ཁུར་མངོན་པར་མཚོན་ཡོད། སྙན་ཞུས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཆེ་གྲས་ལ་གོ་བ་ཡང་དག་བླངས་ནས། གནད་དོན་ཁ་ཕྱོགས་སྟོབས་ལྡན་ཅན་དུ་བསྒྱུར་བ་དང་། སྔོན་གནས་རྗེས་དྲན་ལ་དོ་སྣང་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་ལ་བཏང་བས། དེས་སྤྱིའི་བྱེད་ཕྱོགས་གཙོ་བོ་མངོན་པར་མཚོན་ཡོད། སྙན་ཞུས་ད་ལོའི་འཕེལ་རྒྱས་ལ་ཞིབ་འགྲེལ་བྱས་ཏེ་ཡར་བརྩོན་ལ་སྐུལ་འདེད་བཏང་ཡོད་པ་དང་། བྱ་བ་གཙོ་བོར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་པར་མ་ཟད། སྲིད་གཞུང་བྱ་བ་ཇི་ལྟར་བསྒྲུབ་དགོས་པའི་སྐོར་ལ་ལན་གསལ་བོ་བཏབ་པ་དང་། སྲིད་གཞུང་རང་སྟེང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་གནད་དོན་ལ་ལན་གསལ་པོ་བཏབ་ཡོད་པས། དེར་དངོས་སྒྲུབ་ཀྱི་བྱེད་ཕྱོགས་བཟང་བོས་བརྟས་ཡོད་ཟེར།
ཝང་ཞའོ་ཡིས་བཤད་རྒྱུར། ང་རང་སྲིད་གཞུང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་འཐད་པ་ཡིན། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ཁྲོད་དུ། ཆབ་སྲིད་འཛུགས་སྐྲུན་དང་ནམ་ཡང་ཁ་བྲལ་མ་མྱོང་བར་མ་ཟད། ཁ་ཕྱོགས་མེད་པའི་འཕེལ་རྒྱས་ཤིག་བྱུང་མྱོང་མེད་ཟེར།
ཚོགས་ཐོག་ནས་ད་དུང་ཉི་མ་སྒྲོལ་མ་དང་ནོར་སྡེ། ཁྲིན་སུའུ་སོགས་འཐུས་མིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ། རྒྱལ་ཁབ་ཀྱི་ཁྲལ་དོན་བཅོས་སྒྱུར་སོགས་བརྗོད་དོན་དུ་བཟུང་ནས་གཏམ་བཤད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10