ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བ། 2017-03-01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས28ཉིན་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་དབང་སྐྱོན་ལྷན་ཚོགས་ཀྱི་ལས་དོན་ཚོགས་འདུའི་སྟེང་སྤེལ་བའི་དགའ་འོས་པའི་གནས་ཚུལ་གཞིགས་ན། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་སི་ཁྲོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་དམངས་ཕན་ལམ་ལུགས་མང་པོ་ཞིག་ཁ་སྣོན་བྱས་ཞིང་། དེར་རམ་འདེགས་ཡོ་ཆས་ཀྱི་ཁ་གསབ་རོགས་དངུལ་ལམ་ལུགས་དང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་གེགས་ཆ་མེད་པའི་སྒྱུར་བཀོད་ཁ་གསབ་རོགས་དངུལ། དབང་པོ་སྐྱོན་ཅན་གྱི་སློབ་མར་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་དང་ལོ12རིང་གི་རིན་མེད་འོས་འགན་སློབ་གསོ་འགྲོ་གྲོན་རྩ་ཆག་གཏོང་བ་དང་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། འཛུགས་སྐྱོང་བྱས་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་གཡོག་བྱེད་ཁ་གསབ་རོགས་དངུལ་ལམ་ལུགས། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བར་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་སོགས་འདུས་ལ། དེའི་སི་ཁྲོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་དམངས་ཕན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་།
2016ལོར། ཞིང་ཆེན་ཡོངས་ཀྱི་དབང་སྐྱོན་མ་ལག་བརྒྱུད་དེ་དབང་བོ་སྐྱོན་ཅན་ལས་རིགས་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར26ལ་སླེབས་པ་དང་། བསྡོམས་པས་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ཁྲི317ལ་“ལུས་ལ་ཚད་ནས་གོས་འཚེམ་པའི”རྣམ་པ་ཅན་གྱི་ཞབས་ཞུ་ཁྲི2555ལྷག་མཁོ་འདོན་བྱས་ལ། དབང་བོ་སྐྱོན་ཅན་ཁྲི92.4ལ་ཚབས་ཆེའི་དབང་བོ་སྐྱོན་ཅན་གྱི་གཡོག་བྱེད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར6.54འགྲེམ་གཏོང་བྱས་པ་དང་། དབང་བོ་སྐྱོན་ཅན་ཁྲི85.5ལྷག་ལ་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར4.89འགྲེམ་གཏོང་བྱས་པ། དབང་བོ་སྐྱོན་ཅན་ཁྲི12.2ལྷག་ལ་རོགས་སྐྱོར་བྱ་ཡུལ་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.31བཅས་འགྲེམ་གཏོང་བྱས། ན་ནིང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་རྣམ་གྲངས10ལྷག་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་དམངས་འཚོའི་ལས་གཞི་བཅུ་དང་དམངས་འཚོའི་དོན་ཆེན་ཉི་ཤུའི་ནང་དུ་བཅུག་ཏེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ཁྲི260ལ་ཕན་པ་ཐོབ། དམངས་ཕན་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་འདོད་བློ་ཁེངས་པའི་ཚད95.22%སླེབས་ཡོད།
ད་ལོར། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“བབ་བསྟུན5335”འཐབ་ཇུས་མུ་མཐུད་གཏིང་ཟབ་ཏུ་སྤེལ་ཏེ། འགན་སྲུང་རྣམ་གྲངས་དག་འགན་སྲུང་ལོངས་སུ་སྤྱོད་འོས་པའི་དབང་བོ་སྐྱོན་ཅན་གྱི་དོན་ཐོག་ཏུ་འཁྱོལ་བ་རྨང་གཞི་བྱས་ནས“མི་གཅིག་ལ་སྲིད་ཇུས་གཅིག”གི་འཕེལ་རྒྱས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུའི་ཞབས་ཞུ་གཙོ་གནད་གཏིང་ཟབང་དུ་བཏང་ལ།དབང་པོ་སྐྱོན་ཅན“བབ་བསྟུན་ཞབས་ཞུ”ཁྱབ་གདལ་དུ་བཏང་ནས་ཁྲི330ལ་སླེབས་པ་དང་། “རྨང་གཞིའི་བབ་བསྟུན་ཞབས་ཞུ”ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང“རིག་ནུས་བབ་བསྟུན་ཞབས་ཞུ”ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ། ཁྱོན་ཡོངས་ནས“ལས་ཁུངས་ཀྱི་བབ་བསྟུན་ཞབས་ཞུ”དང“སྒོ་དབྱེ་བབ་བསྟུན་ཞབས་ཞུ”ལག་བསྟར་བྱས། དབང་པོ་སྐྱོན་ཅན་གྱི་ལས་ཀ་ལེགས་པར་ཆེད། ད་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ( སྡེ་ཁུལ) ཀྱི་དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་ཀྱིས་ཉུང་མཐར་ཡང་དབང་པོ་སྐྱོན་ཅན་ལས་འགན་ཆེད་གཉེར་ཨུ་ཡོན་གཅིག་རེ་བཀོད་སྒྲིག་བྱས་པ་མ་ཟད། དེ་ད་དུང་དབང་པོ་སྐྱོན་ཅན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་དོ་དམ་ནང་བཅུག་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10