ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་གཉིས་འཚོགས་པ།

        2017-02-28

 ཉེ་ཆར། ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཅིག་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་72པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་65པ་འཚོགས་ཏེ། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སུམ་བཅུ་སོ་དགུ་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གཏིང་གཟབ་སྒོས་བདག་གིས་དབུལ་སེལ་འགག་སྒྲོལ་བྱེད་པར་ནུས་པ་འདོན་ཞེས་པའི་བྱེད་སྒོ་ལ་མཆོག་མཆན་གནང་བའི་སྙིང་སྟོབས་བརྒྱུད་བསྒྲགས་བྱས། མུ་མཐུད་དུ་བདག་གིས་དབུལ་སེལ་འགག་སྒྲོལ་བྱེད་པར་ནུས་པ་འདོན་ཞེས་པའི་བྱེད་སྒོའི་བྱེད་ཐབས་ཞིབ་ཕྲའི་སྐོར་ལ་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཏང་འཛུགས་སྐྲུན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱ་བར་ཞིབ་འཇུག་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཁོ་ཙིང་ཕིང་གིས་འཚོགས་འདུར་གཙོ་སྐྱོང་གནང་།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་ཧྲིལ་བོའི་ཁྲིམས་འཛུགས་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས།
  • ལེ་ཚན་རྗེས་མ།:དམངས་ཕན་དང་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པས་མཚོ་སྔོན་གྱི་ལོ15རིང་གི་རིན་མེད་སློབ་གསོས་སློབ་མ་ཁྲི86.1ལ་ཕན་ཁེ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།