ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ཞིབ་བཤེར་རྩིས་ལེན་དཔྱད་ཞིབ་དཔྱད་འཇོག་གི་གནད་དོན་དག་ཐེར་བཅོས་སྐྱོང་བྱས་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-01-17

ཉེ་ཆར།  ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ཞིབ་བཤེར་རྩིས་ལེན་དཔྱད་ཞིབ་དཔྱད་འཇོག་གི་གནད་དོན་དག་ཐེར་བཅོས་སྐྱོང་བྱས་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་དར་མདོའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ཐེངས་བཅུ་གཉིས་པའི་ཆེད་དོན་གྲོས་ཚོགས་ཀྱི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཆེད་དོན་ཚོགས་འདུའི་ཐོག་གནང་བའི་གལ་ཆེ་བའི་གསུང་བཤད་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་རིམ་པའི་དབུལ་ཐར་འགག་སྒྲོལ་ཞིབ་བཤེར་རྩིས་ལེན་དཔྱད་ཞིབ་དཔྱད་འཇོག་གི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཤན་སྦྱར་གྱི་ཚད་གཞི་དག་ཐེར་བྱས་ནས་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་དཔྱད་ཞིབ་དཔྱད་འཇོག་བྱ་རྒྱུའི་ལས་ཀར་བསུ་མ་བྱེད་པའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་གྲོལ་རྗེས།  རང་ཁུལ་གྱིས་དེ་མ་ཐག་ཏུ་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ་རེད། ཞའོ་ཡིའུ་ཚའེ་ཡིས་དབུལ་ཐར་འགག་སྒྲོལ་ལས་དོན་ནི་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ།  རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་ཆེས་ཐད་ཀའི་ལས་འགན་ཞིག་ཀྱང་ཡིན་པས། རིམ་པ་ཁག་གི་ཆོད་སེམས་དང་འགན་འཁྲི།  འགན་ཁུར་བཅས་ལ་ཉམས་ལེན་བྱེད་པ་ཞིག་ཡིན་པ་རེད། ཁུལ་ཡོངས་ཀྱི་རྫོངགྲོང་ཁྱེརཁག་དང་སྡེ་ཁག་སོ་སོས་མུ་མཐུད་ནས་2016ལོའི་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་དག་ཐེར་དང་འཐུས་ཚང།  མཐོར་འདེགས་བྱ་རྒྱུའི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་དང་ཁུལ་གྱི་འཚམས་འདྲི་ཚོགས་པས་རང་ཁུལ་གྱི་བཅའ་སྡོད་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གཉིས་ཀྱི་སྨན་པས་ཐུམ་འབུའི་ནད་ཚབས་ཆེན་ཕོག་མཁན་གྱི་སྲོག་སྐྱོབ་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།