བདེ་སྐྱིད་ཀྱིས་བསྒྱུར། 2017-01-17
སྤྱི་ཟླ་དང་པོའི་ཚེས12ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭས་སྣེ་ཁྲིད་མཛད་པའི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བོད་ཁུལ་ལས་དོན་ཁྲའུ་སོགས་ཀྱི་སྡེ་ཁག་གི་འགན་འཁུར་བ་ལས་གྲུབ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཚམས་འདྲི་ཚོགས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཚམས་འདྲི་ཚོགས་པས་དཀར་མཛེས་ཡན་ལག་དམག་ཁུལ་ནང་རང་ཁུལ་གྱི་བཅའ་སྡོད་དམག་མི་དང་སྦྱོང་བརྡར་དུ་བཅའ་སྡོད་བྱེད་མཁན་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་བཅས་ལ་གཅིག་བསྡུད་ཀྱིས་འཚམས་འདྲི་གནང་ནས་ཁོ་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་སོགས་འཚམས་འདྲི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10