འབྱུང་འགྱུར་གྱི་ལོ5ཡི་ནང་བོད་ལྗོངས་ཀྱིས་རྒྱང་སྟོན་སྨན་བཅོས་ས་ཚུགས45འཛུགས་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2019-08-29

    

འབྱུང་འགྱུར་གྱི་ལོ5ཡི་ནང་བོད་ལྗོངས་ཀྱིས་རྒྱང་སྟོན་སྨན་བཅོས་ས་ཚུགས45འཛུགས་རྒྱུ།

     ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ8པའི་ཚེས16ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་བར་ཚེས16ཉིན་ལྷ་སར་ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་གཞི་སྒྲོམ་གྱི་གྲོས་མཐུན་ཡི་གེ་བཞག་པ་རེད། གྲོས་མཐུན་ཡི་གེ་བཞག་པ་ལྟར་ན། འབྱུང་འགྱུར་གྱི་ལོ5ཡི་རིང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་གིས་བོད་ལྗོངས་ལ་རྒྱང་སྟོན་སྨན་བཅོས་ས་ཚུགས45སྐྲུན་རོགས་བྱ་རྒྱུ་དང་། བོད་ལྗོངས་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་པར་མ་ཟད། ད་རུང་བོད་ལྗོངས་ལ་རྒྱང་སྟོན་སྨན་བཅོས་ཞབས་ཕྱི་སྒྲུབ་རོགས་བྱ་རྒྱུ་དང་། ལོ་རེར་རིན་པ་མི་དགོས་པར་བོད་ལྗོངས་ཀྱིས་བདམས་མངག་བྱས་པའི་ཆེད་ལས་ལག་རྩལ་མི་སྣ100རེ་ཟབ་སྦྱོང་དང་གསོ་སྦྱོང་བྱ་རྒྱུ་རེད།

འབྱུང་འགྱུར་གྱི་ལོ5ཡི་ནང་བོད་ལྗོངས་ཀྱིས་རྒྱང་སྟོན་སྨན་བཅོས་ས་ཚུགས45འཛུགས་རྒྱུ།

     གྲོས་མཐུན་ཡི་གེ་བཞག་པ་ལྟར་ན། འབྱུང་འགྱུར་གྱི་ལོ5ཡི་རིང་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་གིས་བོད་ལྗོངས་ལ་རོགས་རམ་བྱས་ཏེ་ནད་རིགས་སྲོག་སྐྱོབ་སྨན་བཅོས་དང་། འགོས་ནད་ཀྱི་ལྟེ་གནས་འཛུགས་སྐྲུན། རྒྱང་རིང་གི་སྨན་བཅོས་དྲ་བ་འཛུགས་སྐྲུན། མཁས་ཅན་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག གྲངས་གཞི་ཆེན་པོ་ཐུན་མོང་དུ་ལོངས་སྤྱོད་བྱེད་པ་བཅས་ཕྱོགས6གི་ཐད་ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་བྱ་རྒྱུ་ཡིན་པ་རེད། དམག་དམངས་གཅིག་བསྡུས་ཀྱི་ལུས་ཁམས་བདེ་ཐང་གི་དབུལ་སྐྱོར་མ་ལག་འཛུགས་སྐྱོང་བྱས་ཏེ་བོད་ལྗོངས་ཀྱིས་རང་ཡུལ་གྱི་ནད་རིགས་སྲོག་སྐྱོབ་སྨན་བཅོས་བྱེད་ནུས་མཐོ་རུ་གཏོང་བར་རོགས་རམ་བྱ་རྒྱུ་རེད།

    དེའི་སྔོན་དུ་བོད་ལྗོངས་ཀྱི་ནད་རིགས་ཁྱབ་ཚུལ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་གོ་རྟོགས་བྱ་ཆེད། བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་གི་ཆེད་ལས་མཁས་ཅན35ཡིས་སྔོན་རྗེས་སུ་ལྷ་ས་དང་། ཉིང་ཁྲི། གཞིས་ཀ་རྩེ། ཆབ་མདོ་སོགས་ས་གནས་སུ་ཕྱིན་ནས་གནད་སྨིན་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། མང་ཚོགས་དབུལ་པོར་འོས་འགན་སྨན་བཅོས་བྱེད་རོགས་བྱས་ཡོད་པ་རེད། ། 


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཁྱབ་ཚད་བརྒྱ་ཆ89ལ་ཟིན་པ།
  • ལེ་ཚན་རྗེས་མ།:འཛམ་གླིང་གི་སྟོབས་ཆེ་བའི་སྤྱི་གཉེར་ཁང500ནང་གི་བརྒྱ་ཆ98 ཀྱིས་ཀྲུང་གོར་མ་དངུལ་བཞག་པ།
  • དོ་སྣང་ཆེ་བའི་རྩོམ།