བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་རིགས་རྒྱུད་དཔེ་ཚོགས་དེ་པེ་ཅིན་དུ་འགྲེམས་སྤེལ་བྱས།

བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།        2019-04-11

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་སྤྱི་ཟླ3པའི་ཚེས26ཉིན་པེ་ཅིན་དུ་མཉམ་དུ་འགྲེམས་སྤེལ་ཚོགས་འདུ་འཛུགས་གཉེར་བྱས་ཏེ་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་རིགས་རྒྱུད་དཔེ་ཚོགས་དེ་འགྲེམས་སྤེལ་བྱས་ནས་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུས་པ་རེད།

    ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཧུང་ཐའོ་ཡིས་འགྲེམས་སྤེལ་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་རིགས་རྒྱུད་དཔེ་ཚོགས་དེ་འབང་གྲངས་མང་བའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་སྡོམ་རྩིས་གཞི་གྲངས་ལ་གཞི་འཛིན་ནས་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱེད་རིམ་མཚོན་པའི་གོམ་སྟབས་རེ་རེ་ཇི་མ་ཇི་བཞིན་དུ་ཐོ་འགོད་བྱས་ཡོད་ཅིང་། འཕྱུག་པ་མེད་པའི་དོན་དངོས་ཀྱི་ཐོག་ནས་རླབས་ཆེན་གྱི་བསྒྱུར་ལྡོག་དེའི་ལོ་རྒྱུས་ཀྱི་རྣམ་པ་ངོ་མ་དེ་མཚོན་གང་ཐུབ་བྱས་པ་རེད།

    ཀྲུང་དབྱང་གི་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁུང་གི་ཀྲུའུ་རེན་གཞོན་པ་སི་ཐ་ཡིས་བཤད་དོན། དཔེ་ཚོགས་འདི་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་ཆེད་བློ་རྩེ་གཅིག་སྒྲིམ་གྱིས་སྒྲིག་འཛུགས་བྱེད་པའི་གཙོ་གནད་ཀྱི་ལས་གཞི་ཞིག་ཡིན་པ་རེད། 2018ལོར་དངོས་སུ་རྩོམ་འགོ་བཙུགས་པ་དང་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་ཁུངས་ཀྱི་འབྲེལ་ཡོད་མཁས་པ་རྣམས་དཔེ་ཚོགས་རྩོམ་སྒྲིག་ནང་ཞུགས་པར་མཐུན་སྦྱོར་བྱས་ཡོད། དཔེ་ཚོགས་དེ་འདས་ཟིན་པའི་ལོ་ངོ60རིང་གི་བོད་ལྗོངས་ལས་དོན་ཁག་གི་ཉམས་མྱོང་དང་གྲུབ་འབྲས་ལ་ཕྱི་མིག་བལྟས་པ་དང་ཕྱོགས་བསྡོམས་བྱས་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཕེལ་རྒྱས་གཏོང་བར་རྒྱང་མིག་ལྟ་བ་དང་བསམ་བློ་ཞིབ་ཕྲ་བཏང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ཏེ་འགྲོ་གྲོན་ཐད་ཀར་རྩིས་ཞུ་བྱས་པའི་མིའི་ཐེངས་གྲངས་ཁྲི170ལ་ཟིན།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད།
  • དོ་སྣང་ཆེ་བའི་རྩོམ།