རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ཏེ་འགྲོ་གྲོན་ཐད་ཀར་རྩིས་ཞུ་བྱས་པའི་མིའི་ཐེངས་གྲངས་ཁྲི170ལ་ཟིན།

བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།        2019-04-11

   ཉེ་ཆར་གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་ཡོན་འགྲོ་སོང་ཐད་ཀར་རྩིས་ཞུ་བྱེད་པའི་ལས་ཀ་བརྟན་པོའི་ངང་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། 2019ལོའི་སྤྱི་ཟླ་དང་པོའི་ཟླ་མཇུག་ལ་བསླེབས་དུས་རྒྱལ་ཡོངས་ལས་སྟེགས་ཐོག་ཐོ་འགོད་བྱས་པའི་མི་ཐེངས་གྲངས་ཁྲི356ཡོད་ཅིང་། རིམ་རྩིས་བྱས་ན་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ནས་འགྲོ་གྲོན་ཐད་རྩིས་ཞུ་བྱས་པའི་མིའི་ཐེངས་གྲངས་ཁྲི170ལ་ཟིན་པ་རེད།

   རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་གཞི་གྲངས་ཐོག་ནས་མཚོན་དོན། རང་རྒྱལ་གྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སའི་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་གྲངས་འབོར་རྒྱུན་མཐུད་དུ་མང་དུ་འགྲོ་བཞིན་ཡོད་པ་དང་། ཐོ་འགོད་བྱས་པའི་མིའི་ཐེངས་གྲངས་དང་ཐད་ཀར་དུ་རྩིས་ཞུ་བྱེད་པའི་གྲངས་ཀ་རྒྱུན་མཐུད་དུ་ཇེ་མང་དུ་ཕྱིན་པ་རེད། 2019ལོའི་སྤྱི་ཟླ་དང་པོའི་ཟླ་མཇུག་ལ་བསླེབས་དུས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སའི་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས15933ཡོད་པ་དང་། རིམ་པ་གཉིས་པ་དང་དེའི་མན་ཆད་ཀྱི་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས13302ཡོད། རིམ་རྩིས་བྱས་ན་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་མིའི་ཐེངས་གྲངས་ཁྲི170ཡི་སྨན་བཅོས་འགྲོ་སོང་སྒོར་དུང་ཕྱུར409.5རྩིས་ཞུ་བྱས་ཡོད་ཅིང་། ཐེབས་རྩས་སྒོར་དུང་ཕྱུར240.7གཏོང་སྤྲོད་བྱས་ཏེ་གཏོང་སྤྲོད་བྱེད་ཚད་བརྒྱ་ཆ58.8ལ་ཟིན་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་གཞན་དུ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་པའི་སྨན་ཡོན་འགྲོ་སོང་ཐད་ཀར་དུ་རྩིས་ཞུ་བྱ་རྒྱུ་ནི་རང་རྒྱལ་གྱིས་ཤུགས་ཆེན་པོར་སྐུལ་འདེད་གཏོང་བའི་དམངས་ལ་སྟབས་བདེ་བྱས་པའི་བྱེད་ཐབས་ཡིན་པར་བརྟེན། ནད་པས་ཡུལ་གཞན་དུ་སྨན་བཅོས་འགྲོ་བའི་སྐབས་སུ་སྨན་ཡོན་སྔ་འདོན་དང་ཕར་རྒྱུགས་ཚུར་རྒྱུགས་བྱས་ཏེ་སྨན་ཡོན་འགྲོ་སོང་རྩིས་ཞུ་བྱ་དགོས་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པ་རེད། ཕྱིན་ཆད་རང་རྒྱལ་གྱིས་སྔར་ལྷག་གིས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་ཡོན་འགྲོ་སོང་ཐད་ཀར་རྩིས་ཞུ་བྱ་ཆོག་པའི་སྲིད་ཇུས་དོན་འཁྱོལ་དང་དེ་འཐུས་སྒོ་ཚང་དུ་བཏང་སྟེ། གཏན་མཁན་མིན་པའི་མི་གྲངས་དང་བྱིས་པ་དང་མཉམ་དུ་སྤོ་ཡོང་མཁན་རྒན་རྒོན་སོགས་ཀྱི་ཚོགས་སྤྱི་ལ་སྟབས་བདེ་བ་སྔར་ལས་ཆེན་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་རྩྭ་ཐང་གླིང་ཁུལ་ཆེན་པོ་གཉིས་འདི་ལོར་བསྐྲུན་འགོ་ཚུགས་རྒྱུ།
  • ལེ་ཚན་རྗེས་མ།:བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་རིགས་རྒྱུད་དཔེ་ཚོགས་དེ་པེ་ཅིན་དུ་འགྲེམས་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།