ཨོ་རྒྱན། 2019-04-02
སྤྱི་ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་དུ། སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་གི་ནགས་ཚལ་མེ་སྐྱོན་ཁྲོད་དུ་སྐུ་གཤེགས་ཤོར་བའི་མེ་གསོད་རུ་མི30ཡི་ཕུང་པོ་ཚང་མ་རྙེད་ཐུབ་པ་བྱུང་ཡོད། ༼དེའི་ཁྲོད་དུ་མི27ནི་ནགས་ཚལ་མེ་འགོག་རུ་མི་ཡིན་ལ། མི3ནི་ས་གནས་ཀྱི་མེ་གསོད་རུ་མི་ཡིན།༽
སྤྱི་ཟླ3པའི་ཚེས30ཉིན་གྱི་ཕྱི་དྲོའི་དུས་ཚོད5པར། སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་ཀྱི་ནགས་ཚལ་ཞིག་ལ་མེ་སྐྱོན་ཤོར་བ་དང་། ཚེས31ཉིན་གྱི་ཕྱི་དྲོར། སི་ཁྲོན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་ལིའང་ཧྲན་ཡན་ལག་རུ་ཁག་གི་མེ་གསོད་བཀོད་འདོམ་པ་དང་ས་གནས་མེ་གསོད་རུ་མི་སོགས་ཁྱོན་མི་གྲངས689མཚོ་འཕགས་སྨི4000ལྷག་ཡོད་པའི་གདོད་མའི་ནགས་ཚལ་དུ་མེ་གསོད་ལ་ཞུགས་པ་རེད། མེ་གསོད་པའི་གོ་རིམ་ཁྲོད་དུ། རླུང་གི་གཡུག་ཕྱོགས་ལ་གློ་བུར་དུ་འགྱུར་བ་བྱུང་ནས་རླུང་དམར་དྲག་ཏུ་འཚུབ་པས་ནགས་ཚལ་གྱི་མེ་ལྕེའི་འབར་ཤུགས་ཆེ་རུ་ཕྱིན་ནས་ཡུལ་དངོས་ཀྱི་མེ་གསོད་རུ་མི་དག་ཉེན་ཁར་ལྷུང་ནས་མཐར་མེ་གསོད་རུ་མི30ཡི་གཅེས་པའི་སྐུ་སྲོག་ཤོར་སོང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10