བོད་ལྗོངས་ཀྱིས་གནའ་དཔེ་མང་པོ་གྲངས་གཞིའི་ནང་བཅུག་ཚར།

ཡེ་ཤེས་ཀྱིས་བཤུས་བསྒྱུར་བྱས།        2019-03-29

     བོད་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་གནའ་དཔེ13700ཙམ་ཡོངས་བཤེར་ལེགས་སྒྲུབ་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་རྩ་བའི་ཆ་ནས་ལེགས་སུ་འགྲུབ་ཡོད་པ་རེད།

     བོད་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་ནི2009ལོ་ནས་དངོས་སུ་འགོ་བཙུགས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། གནའ་དཔེ་ཉར་ཚགས་ཚན་པ་མི་འདྲ་བ1160ཡོད་པ་ལས། པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་ཡིག་ཚགས་ཁང་བཅས་རྒྱལ་ཡོངས་ཀྱི་གནའ་དཔེའི་གཙོ་གནད་སྲུང་སྐྱོང་ཚན་པར་ཚུད་ཡོད། མིག་སྔའི་བར་ལྷ་ས་དང་། མངའ་རིས། ཆབ་མདོ་བཅས་ཚུད་པའི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་རྩ་བའི་ཆ་ནས་ལེགས་སུ་འགྲུབ་ནས་ཚང་བཤེར་ཆད་གསབ་ཀྱི་དུས་མཚམས་ལ་སླེབས་ཡོད་པ་རེད།

     གནའ་དཔེ་ཡོངས་བཤེར་བྱས་པ་དང་ཆབས་ཅིག བོད་ཀྱིས་གནའ་དཔེའི་གྲངས་གཞི་ཅན་གྱི་སྲུང་སྐྱོང་དང་གཏོར་སྐྱོན་ཤོར་བའི་གནའ་དཔེ་སླར་གསོའི་ལས་དོན་ཡང་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གནའ་དཔེ62(ཤོག་གྲངས8324)གྲངས་གཞི་ཅན་བཟོས་པ་དང་། གཏོར་སྐྱོན་ཕོག་པའི་གནའ་དཔེ15(ཤོག་གྲངས2248)སླར་གསོ་བྱས་པས་རྩ་ཆེའི་གནའ་དཔེ་ཁག་ཅིག་སྲུང་སྐྱོང་ཡག་པོ་བྱུང་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ཟླ4ཚེས1ཉིན་ནས་བཟུང་རྒྱལ་ཁོངས་ཕྱི་ནང་དུ་སྐྱོད་པའི་ལག་ཁྱེར་རྒྱལ་ཡོངས་ནས་བསྒྲུབ་ཆོག
  • ལེ་ཚན་རྗེས་མ།:མུ་ལིའི་ནགས་ཚལ་མེ་སྐྱོན་ཁྲོད་དུ་སྐུ་གཤེགས་པའི་མེ་གསོད་རུ་མི30ཡི་ཕུང་པོ་རྙེད་ཐུབ་པ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།