མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི༼སྒྲ་སྙན་རྡུང་ལེན༽རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2015-04-24

མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི༼སྒྲ་སྙན་རྡུང་ལེན༽རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།
མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི༼སྒྲ་སྙན་རྡུང་ལེན

རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

     ཟླ4བའི་ཚེས15ཉིན། མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི༼སྒྲ་སྙན་རྡུང་ལེནརིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲི་ཀ་རུ་བསྡུས་ཤིང་། སྔོན་མཚོ་སྔོན་བརྙན་འཕྲིན་ཁང་གི་འགོ་གཙོ་གཞོན་པ་རྡོ་རྗེ་རིན་ཆེན་དང་། སྔོན་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་པདྨ་རིན་ཆེན། རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རོལ་མོའི་སྤྱི་ཁྱབ་ལྟ་སྐུལ་བའམ་རྒྱལ་ཁབ་རིམ་པ་དང་པོའི་དབྱངས་རྩོམ་མཁན་གསང་བདག  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རོལ་མོའི་སྒྲིག་བཟོ་བའམ་རྒྱལ་ཁབ་རིམ་པ་དང་པོའི་དབྱངས་རྩོམ་མཁན་རྒྱ་བྷེ། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་ཚགས་པར་བོད་ཡིག་གཙོ་སྒྲིག་པ་ཚེ་བྷོ། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་ཀརྨ་དང་། རྡོ་རྗེ་ཚེ་འཕེལ་སོགས་ཆེད་མཁས་པ་དང་ཤེས་ཡོན་པ། དེ་མིན་རྫོང་བཞི་ནས་ཡོང་བའི་རྡུང་ལེན་སྒྱུ་རྩལ་པ20ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།

མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི༼སྒྲ་སྙན་རྡུང་ལེན༽རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

     དུས་ཡུན་ཉིན་གཉིས་ཀྱི་ནང་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས༼བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་ལོ་རྒྱུས་འབྱུང་ཁུངས་རགས་ཙམ་གླེང་བ༽དང་། ༼སྒྲ་སྙན་རྡུང་ལེན་གྱི་གཞི་རྩའི་ཁྱད་ཆོས་དང་རིན་ཐང་གཙོ་བོ་རགས་ཙམ་གླེང་བ༽། ༼སྒྲ་སྙན་རྡུང་ལེན་གྱི་སྒྱུ་རྩལ་གསར་སྐྲུན་དང་འཁྲབ་སྟོན་རྣམ་པ༽། ༼གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྲིམས་ལུགས༽སོགས་ཀྱི་ཐད་ནས་བགྲོ་གླེང་མཛད་དེ་གཅིག་མཐུན་གྱི་ལྟ་བ་བྱུང་།

མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞི༼སྒྲ་སྙན་རྡུང་ལེན༽རིག་གཞུང་བགྲོ་ཚོགས་ཁྲི་ཀ་རུ་བསྡུས།

  • ལེ་ཚན་སྔོན་མ།:བོད་སྨན་རིག་གནས་རྟེན་མཛོད་ཁང་ལ་རྒྱལ་ཁབ་གནས་སྐོར་ཞབས་ཕྱིའི་ལས་རིགས་ཚད་གཞི་ཅན་གྱིས་དཔྱད་ཞིབ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།