རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པའི་བསམ་ཚུལ་བཏོན།

    ཀྲུང་གོ་བོད་ཀྱི་དྲ་བ།    2019-03-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ཆེན་པོ་བྱས་ཡོད་ནའང་། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ཐད་ལ་མི་འདང་ས་ཡོད་པ་དང་། ནུབ་བྱང་དང་ལྷོ་ནུབ་ས་ཁུལ་ཐད་ཀར་སྦྲེལ་བ་དང་། ནུབ་རྒྱུད་ས་ཁུལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྷོ་བྱང་རྒྱུད་ཀྱི་ལྕགས་ལམ་བགྲོད་ལམ་ད་དུང་ལེགས་འགྲུབ་བྱུང་མེད། དོན་དེར་དམིགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་བསྐྲུན་ནས། ནུབ་རྒྱུད་ཀྱི་ཚོང་ཟོག་སྐྱེལ་འདྲེན་གྱི་བརྒྱུད་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པའི་བསམ་ཚུལ་བཏོན། 

གྲོས་གཞིའི་ཁྲོད་བཤད་རྒྱུར། ལྷོ་ཕྱོགས་ཀྱི་བརྒྱུད་ལམ་ནི་བྱང་ཕྱོགས་ཀྱི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་འབྲེལ་ཡོད་ཅིང་། ལྷོ་ཕྱོགས་ཀྱི་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་དང་སྦྲེལ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཅུང་ལེགས་པོའི་སྒོ་ནས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་ཁྲོད་འདྲེས་ཡོད་ནའང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་དཔལ་འབྱོར་འགྲོ་འོང་བྱེད་པའི་ཞན་ཆ་སྔར་བཞིན་གནས་ཡོད། ལྷོ་ཕྱོགས་བརྒྱུད་ལམ་འདི་ཉིད་མགྱོགས་མྱུར་ངང་ཡོངས་འགྲུབ་བྱས་ཚེ། དེས་མཚོ་སྔོན་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་དཔལ་འབྱོར་འགྲོ་འོང་གི་རྒྱ་ཆེ་རུ་བསྐྱེད་དེ། མཚོ་སྔོན་ཁྱོན་ཡོངས་ནས་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ཁྲོད་འདྲེས་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།  

དེ་བས། མཱ་ཀྲི་ཝེ་ཡིས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་མགྱོགས་མྱུར་སྒོས་རྣམ་གྲངས་ལས་འགོ་མ་ཚུགས་སྔོན་གྱི་ལས་དོན་ལེགས་པོར་སྒྲུབ་ནས“ལོ་ལྔའི་ཚན་བཅུ་གསུམ་པར”ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་རྣམ་གྲངས་དངོས་སུ་ལས་འགོ་བརྩམས་ཏེ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས་པའི་བསམ་ཚུལ་བཏོན། །


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།